ཐིག་སྟོང་ཡི་གེ་དྲུག་

ཡོང་ཁུངས་Wikipedia

ཐིག་སྟོང་ཡི་གེ་དྲུག་ནི་ཨེ་ཡིག་ཐིག་ལེ་སྟོང་པ་འགྱུར་མེད་དྲུག་གི་བདག་ཉིད་དོ། །

ཐིག་སྟོང་ཡི་གེ་དྲུག་ནི་ཨེ་ཡིག་ཐིག་ལེ་སྟོང་པ་འགྱུར་མེད་དྲུག་གི་བདག་ཉིད་དེ། ཐིག་ལེ་སྟོང་པ་དང་པོ་རྣམ་ཤེས་ཀྱི་ཕུང་པོ་སོགས་དྲུག་རང་བཞིན་སྒྲིབ་མེད་ཀྱི་ཆ། ཀ་སྡེའི་བདག་ཉིད་བརྗོད་དུ་མེད་པའི་རི་མོས་མཚོན་པ་དབུས་ཀྱི་གྲི་གུག་སྟོང་དུའོ། ། ཐིག་སྟོང་གཉིས་པ་འདུ་བྱེད་ཀྱི་ཕུང་སོགས་དྲུག་གི་སྒྲིབ་མེད་ཀྱི་ཆ། ཙ་སྡེའི་རི་མོ་ཤར་གྱི་དབྱུག་པའི་ཤར་དུའོ། ། ཐིག་སྟོང་གསུམ་པ་ཚོར་ཕུང་སོགས་དུག་གི་སྒྲུབ་མེད་ཀྱི་ཆ། ཊ་སྡེའི་རི་མོ་ལྷོའི་ཚེག་དྲག་གི་ལྷོ་རུའོ། ། ཐིག་སྟོང་བཞི་བ་འདུ་ཤེས་ཀྱི་ཕུང་པོ་སོགས་དྲུག་གི་སྒྲིབ་མེད་ཀྱི་ཆ། པ་སྡེའི་རི་མོ་བྱང་གི་ཐིག་ལེ་བྱང་དུའོ། ། ཐིག་སྟོང་ལྔ་བ་གཟུགས་ཕུང་སོགས་དྲུག་གི་སྒྲིབ་མེད་ཀྱི་ཆ། ཏ་སྡེའི་རི་མོ་ནུབ་ཀྱི་ཐོང་བའི་ནུབ་ཏུའོ། ། ཐིག་སྟོང་དྲུག་པ་ཡེ་ཤེས་ཀྱི་ཕུང་པོ་སོགས་དྲུག་གི་སྒྲིབ་མེད་ཀྱི་ཆ། པ་སྡེའི་བདག་ཉིད་བརྗོད་དུ་མེད་པའི་རི་མོས་མཚོན་པ་དབུས་ཀྱི་གྲི་གུག་གི་རྣམ་པའི་འོག་ཏུའོ། །