Jump to content

ཐར་པ་

ཡོང་ཁུངས་Wikipedia

ཐར་པ་ནི་འཁོར་བའི་སྡུག་བསྔལ་དང་ཉོན་མོངས་པ་ལས་རྣམ་པར་གྲོལ་བའི་གནས་སྐབས་ཤིག་ལ་གོ ནང་པའི་གཞུང་ལས་འཁོར་བ་ལས་འདས་པའི་ཞི་བདེའི་གནས་སྐབས་སུ་འཇོག་པར་མཛད།

དབྱེ་བ།

[རྩོམ་སྒྲིག]

ཐར་པ་ལ་དབྱེ་ན་གསུམ་སྟེ། "ཉན་ཐོས་ཀྱི་འབྲས་བུ་བཞི་ཐོབ་པ་དང་། རྐྱེན་རྒྱལ་རང་སངས་རྒྱས་དང་། དེ་བཞིན་དུ་འཇིག་རྟེན་གྱི་མགོན་པོ་སངས་རྒྱས་ཀྱི་མྱང་འདས་སོགས་མཁས་པ་བློ་གསལ་བས་ཐོབ་པའི་མྱ་ངན་ལས་འདས་པའི་འབྲས་བུ་ཐར་པ་གང་ཡིན་པ་དེ་ཀུན་ཀྱང་།"[] ཞེས་གསུངས་པ་ལྟར་ཉན་ཐོས་ཀྱི་ཐར་པ། རང་སངས་རྒྱས་ཀྱི་ཐར་པ། སངས་རྒྱས་ཀྱི་མྱང་འདས་བཅས་གསུམ་དུ་དབྱེ།

ཐར་པའི་གེགས།

[རྩོམ་སྒྲིག]

འདོད་ཆགས། "འདོད་པའི་ཡུལ་དེ་ལ་སེམས་སེམས་པ་འབའ་ཞིག་གིས་ཚེ་འདི་དོན་མེད་པར་འདའ་བར་འགྱུར་བས་དལ་འབྱོར་ཆུད་ཟོས་པར་འགྱུར་རོ། །"[]ཞེས་གསུངས་པ་ལྟར་འདོད་ཆགས་ལ་ཞེན་པ་ནི་ཐར་པའི་གེགས་གཙོ་བོ་ཞིག་ཡིན།

སྡིག་པའི་ལས། "དུས་ཐོག་མ་མེད་ནས་ད་ལྟའི་བར་དུ་འཁོར་བར་བསགས་པའི་སྡིག་པ་མི་དགེ་བ་བྱས་པའི་དབང་གིས། ངན་སོང་དུ་ཡུན་རིང་པོར་ཐར་པ་མེད་པར་སྡུག་བསྔལ་མྱོང་བར་འགྱུར།"[] ཞེས་སྡིག་པའི་ལས་སྤྱོད་པ་ནི་ཐར་པ་ཐོབ་པར་བར་ཆད་ཆེན་པོ་ཡིན།

གྲོལ་ཚུལ།

[རྩོམ་སྒྲིག]

འཁོར་བ་ལས་ཐར་པའི་ལམ་ནི་བདག་མེད་རྟོགས་པའི་ཤེས་རབ་ལ་རག་ལས། "བདག་དང་བདག་གི་བའི་ཆོས་རྣམས་རང་བཞིན་གྱིས་མི་དམིགས་པར་རྟོགས་ནས་བསྒོམས་པས་རྣམ་པར་བྱང་བའི་ཐར་པ་འཐོབ་པར་འགྱུར་བར་གསུངས་སོ། །"[]ཞེས་གསུངས་པ་ལྟར་བདག་དང་བདག་གིར་འཛིན་པའི་མ་རིག་པ་སྤངས་ནས་ཐར་པ་ཐོབ།

ཐར་པའི་ཐབས།

[རྩོམ་སྒྲིག]

ཕར་ཕྱིན་དྲུག་སྒོམ་པ། སྦྱིན་པ་ལ་སོགས་པའི་ཕར་ཕྱིན་དྲུག་ནི་ཐར་པ་ཐོབ་པའི་ཐབས་ཡིན། "སྦྱིན་པའི་ངོ་བོ་ནི་གཏོང་བའི་སེམས་པ་དགེ་བ་དང་དེས་ཀུན་ནས་བསླངས་བའི་ལུས་ངག་གི་ལས།"[] ཞེས་གསུངས་སོ། །

བསྡུས་དོན།

[རྩོམ་སྒྲིག]

ཐར་པ་ནི་འཁོར་བའི་སྡུག་བསྔལ་དང་ཉོན་མོངས་པ་ལས་ཡོངས་སུ་གྲོལ་བའི་ཞི་བའི་གོ་འཕང་ཞིག་ཡིན། ཉན་རང་གི་ཐར་པ་ལས་བྱང་ཆུབ་སེམས་དཔའི་ཐར་པ་མཆོག་ཡིན་ལ། དེ་ཐོབ་པར་ལམ་བདེན་སྒོམ་དགོས། འདོད་ཆགས་དང་སྡིག་པ་ནི་ཐར་པའི་གེགས་ཡིན་པས་སྤང་དགོས་ལ། སྟོང་ཉིད་རྟོགས་པ་ནི་ཐར་པའི་གཙོ་བོ་ཡིན།

ལུང་ཁུངས།

[རྩོམ་སྒྲིག]
  1. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས། 13a
  2. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། 187
  3. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། 213
  4. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས། 41b
  5. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། 81
"https://bo.wikipedia.org/w/index.php?title=ཐར་པ་&oldid=149911"ལས་སླར་རྙེད་སོང།