ཐ་ཐར་མི། (རྒྱ་ནག།)
ཐ་ཐར་རིགས་ནི་ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་སུ་ཐར་ཐོར་དུ་གཞིས་སྡོད་བྱས་ཡོད། ཁྱོན་སྡོམ་མི་གྲངས ༣༥༥༠ ལྷག་ཡོད། མི་རིགས་དེ་ནི་དུས་རབས་བཅོ་ལྔ་བའི་དུས་དཀྱིལ་དུ་མོང་གོལ་ཆན་ཚ་ཧན་རྒྱལ་ཁབ་ཏྭ་ཏན་རིགས་རང་བཙན་བྱས་ཏེ་དུས་ཡུན་རིང་བོའི་ལོ་རྒྱས་འཕེལ་རིམ་ཁྲོད་ས་དེ་གའི་མི་རིགས་གཞན་པ་དང་འདྲེས་ནས་བྱུང་བ་རེད། ཞིན་ཅང་ས་ཁུལ་གྱི་ཐ་ཐར་རིགས་ནི་གཙོ་བོ་དུས་རབས་བཅུ་དགུ་བའི་ལོ་རབས་ཉི་ཤུ་དང་སུམ་ཅུའི་སྐབས་སུ་ཁོ་ཧྲན་དང་། ཀྲེ་སང་སོགས་ས་ཁུལ་ནས་གནས་སྤར་ཏེ་འོངས་པ་རེད། ཁོ་ཚོ་ཡུ་རིགས་དང་ཧ་སག་རིགས་ལ་དུས་ཡུན་རིང་བོར་འབྲེལ་འདྲིས་བྱས་པའི་རྐྱེན་གྱིས། མི་རིགས་འདི་གཉིས་ཀྱི་སྐད་ཆ་དང་ཡིག་རིགས་ནི་ཐར་ཐར་རིགས་ཀྱི་རྒྱུན་བཀོལ་སྐད་ཆ་དང་སྤྱི་ཁྱབ་ཀྱིས་བཀོལ་སྤྱོད་བྱེད་པའི་ཡིག་རིགས་ཡིན།
གྱོན་ཆས།
[རྩོམ་སྒྲིག]ཐ་ཐར་རིགས་ཀྱི་སྐྱེས་པ་རྣམས་ཀྱིས་མེ་ཏོག་གཙགས་ཡོད་པའི་ཚིལ་ལེན་དཀར་བོ་གོན་པ་དང་ཕྱི་ལ་ཁན་སྦྱར་ནག་པོ་དང་གཞུང་གཤགས་སྟོད་ལྭ་རིང་བོ་གོན། སྐྱེས་མ་རྣམས་ཀྱིས་མདོག་དཀར་པོ་དང་སྨུག་པོ། སེར་བོ་སོགས་ཀྱི་སྨད་གཡོགས་སྦུབས་མ་ཅན་གོན་པ་དང་ལག་གདུ་བ། སྐེ་རྒྱན་སོགས་འདོགས་པར་དགའ།
རྩོམ་རིག
[རྩོམ་སྒྲིག]ཐ་ཐར་རིགས་ཀྱི་རྩོམ་རིག་གཙོ་བོ་ནི་དམངས་ཁྲོད་རྩོམ་རིག་ཡིན་ཏེ། དམངས་ཁྲོད་གཏམ་རྒྱུད《བདེ་སྐྱིད》དང《མ་དང་བྲལ་བའི་བུ་མོ》དམངས་གླུ《ཆུ་ཕྲན》དང《མིག》《བུ་མོའི་རེ་སྨོན》སོགས་ལ་འབུར་ཐོན་གྱི་བརྩེ་དུངས་ལྡན་ཞིང་མི་རིགས་དེའི་ལོ་རྒྱུས་དང་ཐོན་སྐྱེད་འཚོ་བ་སོགས་མངོན་པར་མཚོན་ཡོད་པས། མང་ཚོགས་རྣམས་ཧ་ཅང་དགའ་བོ་འདུག གཡོས་སྦྱོར་ལ་བྱང་བའི་ཐ་ཐར་རིགས་ཀྱི་བུད་མེད་རྣམས་ཁ་ཟས་སྣ་ཚོགས་ལས་པར་ཤིན་ཏུ་མཁས། ཁོ་ཚོས་སྒོ་ང་དང་ཕྱེ་ལས་བཟོས་པའི་ཁ་ཟས་རིགས་ཟོས་ན་ཤིན་ཏུ་ཞིམ་པས་ས་དེ་གར་མིང་གྲགས་ཆེ།
ཆོས་ལུགས།
[རྩོམ་སྒྲིག]ཐ་ཐར་རིགས་ཀྱིས་དབྱི་སི་ལན་ཆོས་ལུགས་ལ་དད་པ་བྱེད་ཅིང་། གཉེན་སྒྲིག་བྱེད་སྐབས་དབྱི་སི་ལན་ཆོས་ལུགས་ཀྱི་ཆོ་ག་ལྟར་མནའ་མ་ཚང་ནས་གཉེན་སྟོན་བྱེད་ཅིང་། མནའ་མ་དང་མག་པ་གཉིས་ཀྱིས་བདེ་སྐྱིད་ཀྱི་འཚོ་བའི་ཁྲོད་དུ་མི་ཚེ་མཐའ་འཁྱོལ་བའི་མཚོན་བྱེད་དུ་མངར་ཆུ་དཀར་ཡོལ་གང་འཐུང་དགོས་པ་དང་། མག་པ་མནའ་མ་ཚང་ནས་ཉིན་འགའམ་ཡང་ན་བྱིས་པ་སྐྱེས་མགོ་བཙའ་བའི་བར་དུ་འདུག་པའི་སྲོལ་ཡོད།
དུས་ཆེན།
[རྩོམ་སྒྲིག]ལུགས་གསར་གྱི་ལོ་རེའི་ཟླ ༦ ཚེས ༢༠ ནས ༢༥ བར་དུ། ཐ་ཐར་རིགས་ཀྱིས་སྲོལ་རྒྱུན་གྱི་དུས་ཆེན་ཏེ ༼ས་པང༽ དུས་ཆེན་ལ་རོལ་པ་ཡིན། ༼ས་པང༽ཞེས་པ་ནི་ཐོང་གཤོལ་གྱི་དོན་ཏེ། དེ་ནི་ཐ་ཐར་རིགས་ཀྱི་མེས་པོས་སྔོན་ཐོན་གྱི་ཐོང་གཤོལ་གསར་བཏོད་བྱས་ནས་ཐོན་སྐྱེས་ནུས་ཤུགས་སྐུལ་འདེད་བཏང་བ་ལ་དྲན་རྟེན་དུ་གཏན་ཁེལ་བྱས་པའི་དུས་ཆེན་ཞིག་ཡིན། ཉིན་དེར་སྐྱེས་མ་རྣམས་ཀྱིས་ཟས་གང་ལེགས་གཡོས་སྦྱོར་བྱས་ཏེ་མགྲོན་པོར་སྣེ་ལེན་དང་། རྒན་དར་གཞོན་གསུམ་ཚང་མས་ཕན་ཚུན་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུ་བར་མ་ཟད། ཚང་མས་ཤོམ་བྱས་ཏེ་མཛེས་སྡུག་ཡིད་དུ་འོང་བའི་སྤང་ཐང་དུ་འདུས་ནས་རྟ་རྒྱུག་དང་ཐག་འཐེན། འཇུ་རེས་སོགས་རྒྱ་ཆེ་བའི་ལུས་རྩལ་བྱ་འགུལ་སྣ་ཚོགས་སྤེལ་བཞིན་ཡོད།
ཕྱི་ཕྱོགས་དྲ་མཐུད།
[རྩོམ་སྒྲིག]ཤར་རྒྱ་ནག། | Gaoshan · ཧྲེ་མི། |
---|---|
ལྷོ་དབུས་རྒྱ་ནག། | ཅིང་མི། · མའོ་ནན་མི། · མུའུ་ལའོ་མི། · ལི་མི། · ཐུའུ་ཅ་མི། · ཡའོ་མི། · ཀྲོང་མི། |
ཡུན་ནན་ཞིང་ཆེན། | ཨ་ཁྲང་མི། · པའེ་མི། · པུའུ་ལང་མི། · ཏའེ་མི། · ཏེ་ཨང་མི། · ཏུའུ་ལུང་མི། · ཅིང་ཕོ་མི། · ཅི་ནུའོ་མི། · ཧ་ཉི་མི། · ལ་ཧུའུ་མི། · ལི་སུའུ་མི། · ཕུ་འུ་སྨི་མི། · Nakhi · ནུའུ་མི། · དབའ་མི། |
ལྷོ་ནུབ་རྒྱ་ནག། | པུའུ་དབྱི་མི། · ཏུང་མི། · ཀོ་ལའོ་མི། · ལྷོ་པ། · མིའོ་མི། · མོན་པ། · ཧྲུའེ་མི། · བོད་མི། · ཆའང་མི། · དབྱི་མི། · ཅིང་ཕོ་མི། |
བྱང་རྒྱ་ནག། | ཏ་ཝོར་མི། · ཨོ་ཝུན་ཁེ་མི། · སོག་པོ། · ཨོ་ལུན་ཁྲུན་མི། |
གི་བྱང་ཤར་རྒྱ་ནག། | ཧོ་ཀྲེ་མི། · Korean · Manchu |
ནུབ་བྱང་རྒྱ་ནག། | པའོ་ཨན་མི། · ཏུང་ཞང་མི། · Kazakh · Kirgiz · Russian · ས་ལར་མི། · ཏ་ཟིག་མི། · ཧོར་མི། · ཐ་ཐར་མི། · ཡུལ་གོར་མི། · ཨུ་ཛི་བྷེ་ཁི་མི། · ཞི་པོ་མི། · ཡུས་ཀུའུ་མི། |
Dispersed | རྒྱ་མི། · ཧུད་མི། |