Jump to content

ཏོ་ཥྱོ་

ཡོང་ཁུངས་Wikipedia

ཏོ་ཥྱོ་ཞེས་པ་ནི་རྡོ་རྗེ་སེམས་དཔའི་ཡིག་བརྒྱའི་སྔགས་ཚིག་གཅིག་ཡིན། དེ་ཡང་སུ་ཏོ་ཥྱོ་མེ་བྷ་ཝ་ཞེས་པའི་ནང་དུ་གཏོགས། བོད་སྐད་དུ། ལེགས་པར་ཚིམ་པ། ཡང་ན་ ཤིན་ཏུ་དགྱེས་པ་ཞེས་པའི་དོན་ཅན་ཡིན།

ཚིག་འགྲེལ།

[རྩོམ་སྒྲིག]

ཏོ་ཥྱ་ཞེས་པ་ནི། ལེགས་པར་ཚིམ་པའམ་ཤིན་ཏུ་ཚིམ་པ་ཞེས་པའི་དོན་དོ།[] རྣམ་བཅད་ཨུ་རུ་བསྒྱུར་ཏེ་མཚམས་སྦྱར་བས་“སུ་ཏོ་ཥྱོ་”ཞེས་འགྱུར།[] དེའི་དོན་ནི། "ལེགས་པར་ཚིམ་པར་བདག་མཛོད་ཅིག" ཞེས་པའོ། །[]

ཀློག་ཚུལ།

[རྩོམ་སྒྲིག]

“ཀློག་ཚུལ་ལ་འགའ་ཞིག་གིས་ཏོས་ཡོ་ཞེས་དང་། འགའ་ཞིག་གིས་ཏོ་ཥ་ཡོ་ཞེས་ཀློག་པ་ནི་ནམ་ཡང་མི་འཐད་དེ། སྔ་མས་ཥ྄འི་སྒྲ་ཟུར་མ་ཐོན་པའི་ཕྱིར་དང་། ཕྱི་མས་ཥ྄་ཡིག་སྲོག་ཅན་དུ་བཀླགས་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན་ཥ྄་ཡིག་གི་ཟུར་ཐོན་ཙམ་གྱིས་ཏོ་ལ་ཡར་སྦྱར་ཏེ་ཀློག་པ་ཡིན་ཞིང་འཆད་འགྱུར་པོཥྱོ་ལའང་འགྲེའོ། །”[]

དོན་འགྲེལ།

[རྩོམ་སྒྲིག]

ཏོ་ཥྱོ་ཞེས་པའི་དོན་ནི། "བདག་འཕོ་འགྱུར་སྤྲོས་པ་དང་བྲལ་བའི་དགའ་བ་དང་བདེ་བ་ཆེན་པོའི་རོ་ཡིས་ཤིན་ཏུ་ཚིམ་པར་མཛོད་ཅིག་པར་བསྐུལ་བ་སྟེ་ཚོར་བདེ་ཙམ་གྱིས་ནི་མ་ཡིན་ནོ།"[] བདེ་སྟོང་ཟུང་འཇུག་གི་ཡེ་ཤེས མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས་བཤད་པ་ལྟར། "འཕོ་འགྱུར་སྤྲོས་པ་དང་བྲལ་བའི་བདེ་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་དགའ་བ་བཞིའམ་བཅུ་དྲུག་གི་ངོ་བོ་དབབ་བཟུང་ལྡོག་དཀྲམ་གྱིས་ཆགས་བྲལ་བདེ་བ་ཆེན་པོའི་རོས་ཚིམ་པར་མཛོད་ཅིག་ཅེས་པའོ།"[]

ལུང་ཁུངས།

[རྩོམ་སྒྲིག]
  1. 1 2 3 4 སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་ཡིག་བརྒྱའི་འགྲེལ་བ།
  2. 1 2 གསང་སྔགས་ཡིག་བརྒྱའི་འགྲེལ་པ། (མཁན་པོ་དཔལ་ལྡན་ཤེས་རབ།)