ཉི་མ་ལྷ་ས། རྩོམ་རིག་མེ་ལོང་།

ཡོང་ཁུངས་Wikipedia

དུས་རབས་ཀྱིས་ཁྱོད་ཚོར་སྒུག་མི་སྲིད་པས་ཁྱོད་ཚོས་དུས་རབས་ཀྱི་རྗེས་མཆོད་པའི་ཐབས་ལམ་འཚོལ་རོགས། དེ་བས་ང་ཚོས་ཁྱོད་ཚོའི་མིག་གི་དགའ་སྟོན་དུ་ཆ་འཕྲིན་དུས་རབས་ཀྱི་ལག་རྩལ་ལྡན་པའི་དྲ་རྒྱ་གསར་པ་ཞིག་རྣམ་པ་ཚོའི་སྤྱན་ལམ་དབུ་འབྱེད་ཞུས་ཡོད།༽ <<ལྷ་ས་རྩོམ་རིག་མེ་ལོང༌།>>ནི། སྤྱི་ལོ༢༠༡༤ལོའི་ཟླ༡༠ཚེས༡༠ཉིན་དངོས་སུ་ཤར་གཏོང་དང༌། ཧི་མ་ལ་ཡིག་གཟུགས་ཀྱིས་གཙོས་རྒྱལ་སྤྱིའི་ཨང་བསྒྲིགས་བོད་ཡིག་གི་ཡིག་གཟུགས་ཁག་བསྒྲིགས་སྦྱོར་གྱིས་དེང་རབས་ཅན་དྲ་རྒྱའི་འཕེལ་རིམ་གྱི་འགྲོས་དང་བསྟུན་ནས་བཟོས་གྲུབ་བྱུང་བའི་ཆ་འཕྲིན་ཞིག་ཡིན།

<<དགོས་དམིགས་ནི།>> བོད་ཀྱི་མདོ་དབུས་ཁམས་སུ་བོད་ཡིག་གི་དྲ་རྒྱ་ལོ་རེ་བཞིན་འཕེལ་རྒྱས་དང་སྣ་མང་ཅན་ཏུ་འགྲོ་བཞིན་ཡོད་ནའང༌། བོད་ཀྱི་རྒྱལ་ས་ལྷ་ས་ཞེས་འབོད་པའི་དྲ་ཚིགས་གསར་པ་ཞིག་བྱུང་ན་བསམས་ཏེ་༢༠༡༢ལོར་གསར་དུ་འཆར་འགོད་བཏབས་ནས་༢༠༡༤ལོར་དངོས་སུ་བཟོ་འགོ་བརྩམས་པ་ཞིག་ཡིན།

<<ཆ་འཕྲིན་གསར་བ་འདི་ནི། >>བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མིའི་གཞོན་སྐྱེས་ཁག་ཅིག་གིས་མ་སྐུལ་དང་བླང་གིས་གཙོ་གཉེར་བྱེད་བཞིན་པའི་བོད་ཡིག་གི་དྲ་ཚིགས་ཤིག་ཡིན་ལ། བོད་དང་བོད་མི་རང་གི་ཆ་འཕྲིན་ལག་རྩལ་ཐད་སྔར་མེད་ཀྱི་སྐུལ་འདེད་གཏོང་བཞིན་པའི་རྣམ་པ་གསར་པའི་ལམ་དུ་མདུན་བསྐྱོད་བྱས་ཡོད་པས། དེང་རབས་གྲགས་ཅན་དྲ་རྒྱའི་ཆ་རྐྱེན་ཕལ་ཆེ་བ་ཚང་ཡོད་ཅེས་ཞུ་ན་ངོ་མནོང་མི་དགོས་པའི་སྤོབས་པ་ཡོད།

<<ཐུགས་སྣང་ཞུ་རྒྱུ་ཞིག་ལ། >>དྲ་རྒྱ་འདི་བོད་ནང་དུ་ཡོད་པའི་རྩོམ་པ་པོ་རྣམས་ཀྱི་ཆེད་དུ་དམིགས་ནས་བཟོས་པ་ཞིག་ཡིན་ན་རྩོམ་པ་པོ་རྣམ་པས་ཆབ་སྲིད་དང་འབྲེལ་བའི་རྩོམ་ཡིག་རིགས་མ་བསྐུར་རོགས་ཞེས་རེ་སྐུལ་ཞུ་རྒྱུ་ཡིན། དེ་མིན་གཞན་བོད་ཀྱི་ཆོས་དང་རིག་གཞུང༌། ལོ་རྒྱུས་དང་སྐད་ཡིག གནའ་དེང་གི་ཚན་རིག་དང་འབྲེལ་བའི་རྩོམ་ཡིག སྒྱུ་རྩལ་རྩོམ་རིག་སོགས་བསྐུར་དང༌། ང་ཚོས་མྱུར་དུ་དྲ་ངོས་སུ་འགོད་ཐུབ་པ་ཞུ་རྒྱུ་ཡིན། གཞན་ཡང་མཉེན་ཤོག་ཨེམ་ཨེ་སི་ཝོ་ཌི་༼MS-Word༽དང༌། རབ་བྱུང་ན་ཡུ་ཌི་པེ་༼UDP༽བོད་ཡིག་མཉེན་ཤོག དེ་བཞིན་ཝོ་ཌི་པེ་ཌི་༼Word Pad༽ གང་རུང་དུ་གཏག་རྗེས་གློག་འཕྲིན་ཁ་བྱང་བརྒྱུད་དེ་བསྐུར་ཆོག་ལ། རང་ཉིད་ནས་དྲ་རྒྱར་དེབ་བསྐྱེལ་གནང་སྟེ། རང་མོས་ཀྱིས་དྲ་བའི་སྡེ་ཚན་གང་ཞིག་ཏུ་སྤེལ་ཀྱང་ཆོག

ལྷ་ས་རྩོམ་རིག་མེ་ལོང་རྩོམ་སྒྲིག་ཁང་དུ་འབྲེལ་གཏུགས་བྱེད་ཚུལ་ནི། སྐད་འཕྲིན་ཁ་བྱང༌། Lhasamelong དྲ་ཚིགས་གསར་བའི་ཁ་བྱང༌། www.lhasapost.com


ལྷ་ས་རྩོམ་རིག་མེ་ལོང་གི་རྩོམ་སྒྲིག་ཚོགས་ཆུང༌། (༡) བསྟན་འཛིན་ནོར་རྒྱས། རྩོམ་སྒྲིག་འགན་འཛིན། དྲ་བ་བཟོ་སྒྲིག་པ། (༢) ཆོས་ཉིད་བཟང་པོ། རྩོམ་སྒྲིག་པ། དྲ་རྒྱ་དོམ་པ། (༣) ཀེ་རུ་ཧན། ཞིབ་འཇུག་པ། རྒྱ་ཡིག་ཕར་སྒྱུར་པ། (༥) ཚེ་རིང་མཚོ་མོ། ཞིབ་འཇུག་པ། དབྱིན་ཡིག་ཕབ་སྒྱུར་པ། (༦) དབྱངས་ཅན་སྒྲོལ་མ། ཞིབ་འཇུག་པ། རྒྱ་ཡིག་ཕབ་སྒྱུར་པ། (༧) བསྟན་འཛིན་ཆོས་གྲགས། རྩོམ་པ་པོ། དང་བླངས་པ།