ཉ་དང་ཕག་པའི་འཇུག་པས་མཐོར་བཏེག་པའི་ཀུན་བཟོད

ཡོང་ཁུངས་Wikipedia

ཀུན་བཟོད་ནི་ས་གཞིའི་མིང་གི་རྣམ་གྲངས་ཡིན་ལ། སྔོན་ས་ཆེན་པོ་འདི་འོག་གཞིའི་རྒྱ་མཚོ་ཆེན་པོའི་ནང་དུ་ནུབ་ཅིང་བྱིང་བར་གྱུར་པ་ན། ས་སྟེང་དུ་སྐྱེ་འགྲོ་རྣམས་གང་ལ་རྟེན་དུ་བྱ་བའི་གནས་རྙེད་པར་མ་གྱུར་པ་དེའི་ཚེ་ལྷ་ཆེན་པོ་ཁྱབ་འཇུག་ཉིད་ཉ་དང་རུས་སྦལ་དང་ལྕགས་ཀྱི་ཕག་པ་ཆེན་པོར་སྤྲུལ་ནས་ས་འོག་ཏུ་ཞུགས་ཏེ་གྱེན་དུ་བཏེགས་ཞེས་རིག་བྱེད་ཀྱི་གཏམ་རྒྱུད་ལས་བྱུང་ངོ་། །