ཉ་དང་ཁྱིམ་བྱའི་མགོ་ཟ་མི་རུང་

ཡོང་ཁུངས་Wikipedia

ཁྱིམ་བྱས་ཟས་ཟ་སྐབས་གནོད་ལྡན་ལྕགས་རིགས་ལྕི་གྲས་འདུས་ཡོད་པའི་དངོས་པོ་མང་པོ་ཟོས་ཡོད་པ་རེད། ལྕགས་རིགས་ལྕི་གྲས་དེ་དག་གཙོ་བོ་ཀླད་པའི་ནང་གསོག་ཡོད། ཁྱིམ་བྱ་ལོ་ཅི་ཙམ་ཆེ་ན་གསོག་པ་དེ་ལྟར་མང་ལ། དུག་ནུས་ཀྱང་དེ་ལྟར་ཆེ། ཁྱིིམ་བྱའི་མགོ་ཟ་མི་ཉན་པར་མ་ཟད། ཆུ་བྱ་དང་ངང་བའི་མགོའང་མང་པོ་ཟོས་ན་མི་ལེགས། གནས་ལུགས་ཕལ་ཆེར་གཅིག་མཚུངས་ཡིན། འོ་ན་ཉ་ཡི་མགོ་ཇི་འདྲ་རེད་ཅེ་ན། འབྲེལ་ཡོད་འཕྲིན་གསར་ནང་བཤད་པ་ལྟར་ན། ཉེ་བའི་ལོ་འདི་འགར། རང་རྒྱལ་དུ་ཡོངས་ཁྱབ་ཁོར་ཡུག་ཇེ་བཙོག་ལ་སོང་ནས་ཆུའི་ཐོན་ཁུངས་ལ་འབག་བཙོག་བཟོས་པས། གནོད་ལྡན་རྫས་སོགས་ཉ་ཡི་ལུས་ནང་ཐིམ་འདུག ཉ་གསོ་མཁན་ལ་ལས་ཁེ་སྤོགས་ཀྱི་ཆེད་དུ་ཉ་ཡི་ཟས་རིགས་ནང་རྫས་འགྱུར་དངོས་པོ་བསྣན་ནས་ཉ་ལུས་ཀྱི་གནོད་ལྡན་རྫས་ལྷག་ཏུ་ཇེ་མང་ལ་བཏང་། དེ་དག་གཙོ་བོ་ཉ་ཚིལ་མང་པོ་འདུས་པའི་ཉ་མགོའི་ནང་བསོགས་ནས་ཕྱིར་གཏོང་དཀའ་བ་རེད། དེའི་རྐྱེན་གྱིས་མགོ་ཤ་དེ་དག་ཟ་བར་དགའ་བའི་གྲོགས་པོ་རྣམས་ལ་ཟ་ཚད་ཇེ་ཉུང་ལ་བཏང་ན་ལེགས་ཞེས་གསལ་འདེབས་ཞུས་པ་ཡིན།