ཇ་ཚྭ་ལས་ཁུངས།
མཐོང་རིས་
འདི་ནི་སྔ་བོད་ས་གནས་སྲིད་གཞུང་སྐབས་བོད་ས་གནས་སུ་ནང་འདྲེན་བྱེད་པའི་ཇ་དང་། ཕྱིར་ཚོང་བྱེད་པའི་ཚྭ་གཉིས་ཚོང་འགྲུལ་བྱེད་པར་དོ་དམ་བྱེད་པའི་ཆེད་དུ་བཙུགས་པའི་ལས་ཁུངས་དེས་ས་གནས་ཁག་ལ་ཇ་ཤོ་དང་ཚྭ་ཤོ་མངགས་གཏོང་གིས་ཟོག་ཁྲལ་བསྡུ་ལེན་བྱས་པའི་ཁྲལ་འབབ་ཀྱི་འཛིན་གཏོང་བྱེད་པ་དང་། རྩིས་རྒྱག་བྱེད་དགོས་པ་དེ་ཡིན། དེར་དོ་དམ་ཤོད་སྐོར་ཛ་སག་གཅིག་དང་། རྩེ་སྐོར་མཁན་ཆེ་གཅིག་ལས་བྱ་རྩེ་དྲུང་དཀྱུས་མ་གཉིས་ཡོད།