Jump to content

ཆོས་སྒྲ་ཆེན་པོ་ལན་གསུམ་དུ་བསྒྲགས་

ཡོང་ཁུངས་Wikipedia

ཆོས་སྒྲ་ཆེན་པོ་ལན་གསུམ་དུ་བསྒྲགས།

[རྩོམ་སྒྲིག]

༡.དཔལ་མགོན་ཀླུ་སྒྲུབ་ཀྱིས་ལོ་བཅུ་གཉིས་བར་འཚོ་བས་ཕོངས་པ་མེད་པར་མཛད་རྗེས་བར་སྐབས་ཤིག་ན་བསླབ་ཁྲིམས་འཆལ་བར་སྤྱོད་པ་མང་པོ་ཞིག་གིས་སའི་སྟེང་ཁྱབ་ཆེས་ཆེར་ཉམས་པར་བྱས་པ་ཐུགས་ཀྱིས་མ་བཟོད་ནས་བསླབ་ཁྲིམས་འཆལ་པར་སྤྱོད་པ་སྟོང་ཕྲག་མང་པོ་གནས་ནས་ཕྱུང་། སྐལ་བ་དང་ལྡན་པ་རྣམས་ལ་སྡེ་སྣོད་གསུམ་གྱི་ཆོས་རྒྱ་ཆེར་བསྟན་ཅིང་ལྷག་པར་དམ་པའི་ཆོས་འདུལ་བ་རྒྱ་ཆེར་བསྒྲགས་པ་ནི། ཆོས་སྒྲ་ལན་གསུམ་གྱི་དང་པོ་ཡིན། ༢.སྟོང་ཉིད་ཀྱི་དོན་མ་རྟོགས་ན་ཐར་པ་དང་ཐམས་ཅད་མཁྱེན་པ་གང་གིའང་ལམ་བགྲོད་པའི་ཐབས་མེད་པར་གཟིགས་ནས་ཐུགས་སྙིང་རྗེ་ཆེན་པོ་རང་དབང་མེད་པར་བསྐུལ་ཏེ་ཆོས་རྣམས་ཀྱི་གནས་ལུགས་ཏེ་ཅིང་འབྲེལ་བར་འབྱུང་བ་དོན་དམ་པར་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པ་དང་། ཐ་སྙད་དུ་དཀར་ནག་གི་ལས་འབྲས་ཡང་བསླུ་བ་མེད་པར་ངེས་པ་གཉིས་འགལ་མེད་དུ་རྟོགས་པ་དབུ་མའི་ལམ་བཟང་པོ་རྒྱ་ཆེར་བསྒྲགས་ཏེ། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། ཞེས་སོགས《དབུ་མ་རྩ་བའི་ཚིག་ལེའུར་བྱས་པ》དང་། དེའི་ཡན་ལག《རིགས་ཚོགས》རྣམས་མཛད་དེ་འཛམ་བུའི་གླིང་དུ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་དོན་ཆེས་ཆེར་གསལ་བར་མཛད་དེ་ཐེག་པ་ཆེན་པོའི་ཆོས་ཀྱི་སྒྲ་གཉིས་པ་བསྒྲགས་པར་འཇོག ༣.བསྟན་པ་ནམ་ཡང་མི་ནུབ་པར་ཡུན་རིང་དུ་གནས་པའི་ཕྱིར་རྡོ་རྗེ་གདན་ལ་རྡོའི་དྲ་མིག་གི་ར་བ་དང་མཆོད་རྟེན་བརྒྱ་ཕྲག་མང་པོ་དང་། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ལ་ལྕགས་རི་བཏབ་ཅིང་། དགེ་འདུན་གྱི་སྡེར་མཆོད་གཞི་མང་པོ་བཙུགས། སྐུ་ཚེ་སྨད་ལ་གཙོ་ཆེར་ལྷོ་ཕྱོགས་དཔལ་གྱི་རིར་བཞུགས་ཤིང་མདོ་སྔགས་གཉིས་ཀའི་ཆོས་འཁོར་ལོ་རྒྱ་ཆེར་བསྐོར་ལྷག་པར《ཆོས་དབྱིངས་བསྟོད་པ》སོགས་མཛད་ནས་ཆོས་ཀྱི་སྒྲ་ཆེན་པོ་གསུམ་པ་བསྒྲགས་པ་ཡིན་ནོ། །