Jump to content

ཆོས་རྗེ་སྒང་པ་

ཡོང་ཁུངས་Wikipedia

ཆོས་རྗེ་སྒང་པ།

[རྩོམ་སྒྲིག]

ཀརྨ་དུས་གསུམ་མཁྱེན་པའི་སློབ་མ་ཆོས་རྗེ་སྒང་པ་ནི་ཡབ་གསང་སྔགས་རྙིང་མ་བ་ཞིག་གི་སྲས་སུ་རབ་བྱུང་གསུམ་པའི་ཤིང་ལུག(༡༡༧༥)ལོར་ཡུལ་གྱ་བར་སྐུ་འཁྲུངས། རབ་ཏུ་བྱུང་བའི་མཚན་ལ་རིན་ཆེན་འོད་ཟེར་ཞུ། འབྲི་ཁུང་ཆོས་རྗེ་དང་། སྟག་ལུང་ཐང་པ། རྨོག་ལྕོགས་པ། ལ་ཡག་པ། དྭགས་པོ་འདུལ་འཛིན། ཉེ་གནས་གསལ་བྱང་། ཁ་ཆེ་པཎ་ཆེན་ལ་སོགས་པའི་བླ་མ་མང་དུ་བསྟེན། གཙོ་བོ་མདོ་བོ་རས་ཏེ། དེ་ལས་ཕྱག་རྒྱ་ཆེན་པོའི་རྟོགས་པ་བརྙེས། ཇོ་མོ་གངས་ཀྱི་ཕ་བོང་དཀར་ལེབ་ལ་སོགས་པའི་གནས་རྣམས་སུ་སྒྲུབ་པ་མཛད། ཕྱིས་འགྲོ་དོན་རྒྱ་ཆེན་པོ་མཛད། ཁོང་གི་སྐུ་ཚེའི་མཐའ་ལ་ཧོར་དམག་བོད་དུ་ལྷགས། མཐར་དགུང་ལོ་བདུན་ཅུ་རྩ་ལྔ་པ་རབ་བྱུང་བཞ་པའི་ས་བྱ(༡༢༤༩)ལོར་སྐུ་གཤེགས།