Jump to content

ཆོས་རྗེ་འབའ་ར་བ་

ཡོང་ཁུངས་Wikipedia

ཆོས་རྗེ་འབའ་ར་བ།

[རྩོམ་སྒྲིག]

ཟུར་ཕུག་པའི་སློབ་མ་སྙན་གྲགས་ཆེ་བ་འདི་ཉིད་གཙང་ཤངས་ཀྱི་ཆབ་ལུང་པར་ཡབ་དཔོན་འབུམ་གྱི་སྲས་སུ་བར་བྱུང་ལྔ་པའི་ལྕགས་ཁྱི(༡༣༡༠)ལོར་སྐུ་བལྟམས། གཞོན་དུས་སུ་ཆོས་རྗེ་བསོད་ནམས་རྒྱལ་མཚན་པའི་གསོལ་ཇ་བ་མཛད། དེའི་མོད་ལ་བྱང་ཆུབ་ཀྱི་སེམས་དྲག་པོ་འཁྲུངས་ཏེ་སྒྲོ་མོན་ཅན་པ་ལ་སོགས་པའི་བླ་མ་རྣམས་ལ་ཁྲིད་ཞུས་པས་ཇི་ལྟ་བ་བཞིན་དུ་འཁྲུངས། ཕྱིས་ཟུར་ཕུག་པ་དང་ཤུག་གསེབ་རི་པ་ལ་སོགས་པ་ལ་གདམས་པ་ཟབ་དགུ་གསན། བརྩོན་འགྲུས་དྲག་པོས་བསྒོམས་པས་རྟོགས་པ་མཆོག་ཏུ་གྱུར། འབའ་རའི་དགོན་པ་ཕྱག་བཏབ། དེ་ནས་སྤ་གྲོར་བྱོན་ནས་འཕྲིན་ལས་མང་དུ་བསྐྱངས། སླར་ཡང་ཤངས་སུ་ཕེབས་ནས་འགྲོ་དོན་ཡུན་རིང་པོ་མཛད། གཙང་པ་བློ་གྲོས་བཟང་པོ་སོགས་སློབ་མ་མང་དུ་བྱོན། ཕྱིས་སུ་སྤ་གྲོར་བྱོན་ཏེ་དགུང་ལོ་བརྒྱད་ཅུ་རྩ་གཉིས་ལ་ཕེབས་རབ་བྱུང་བདུན་པའི་ལྕགས་ལུག(༡༣༩༡)ལོར་སྐུ་གཤེགས།