ཆོས་མཆོག་ལ་གནས་པ་
མཐོང་རིས་
ཆོས་མཆོག་ལ་གནས་པ།
[རྩོམ་སྒྲིག]སྦྱོར་ལམ་ཆོས་མཆོག་ཐོབ་པའི་གང་ཟག་འཇོག་དགོས། སྦྱོར་ལམ་ལ་ཉན་ཐོས་ཀྱི་སྦྱོར་ལམ། རང་རྒྱལ་གྱི་སྦྱོར་ལམ། ཐེག་ཆེན་གྱི་སྦྱོར་ལམ་གསུམ་ལས། འདི་ཕྱི་མའི་དབང་དུ་བྱས་པ་ཡིན། དེ་གསུམ་པོ་རེ་རེ་ལ་དྲོད། རྩེ་མོ། བཟོད་པ་། ཆོས་མཆོག་བཅས་བཞི་ཡོད། རྒྱུད་ལ་སྐྱེས་པའི་རིམ་པའང་། དང་པོར་དྲོད། དེ་ནས་རྩེ་མོ། དེ་ནས་བཟོད་པ། དེ་ནས་ཆོས་མཆོག་སྐྱེས་པ་ཡིན། ཆོས་མཆོག་སྐྱེས་པའི་སྐད་ཅིག་གཉིས་པ་ནས་མཐོང་ལམ་ཐོབ་པ་ཡིན།