Jump to content

ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དྲུག་

ཡོང་ཁུངས་Wikipedia

ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དྲུག

[རྩོམ་སྒྲིག]

ཀུན་བརྟགས་ལ་མཚན་ཉིད་ངོ་བོ་ཉིད་མེད་དེ་དོན་དུ་ངེས་པར་མ་གྲུབ་པའི་ཕྱིར་རོ། གཞན་དབང་ལ་སྐྱེ་བ་ངོ་བོ་ཉིད་མེད་དེ་མ་བཞི་ལས་སྐྱེ་བ་མ་གྲུབ་པའི་ཕྱིར་རོ། རང་ལས་སྐྱེ་བ་མེད་དེ་སྐྱེ་བ་སྐད་ཅིག་མ་རྫས་འགལ་བའི་ཕྱིར་རོ། གཞན་ལས་སྐྱེ་བ་མེད་དེ། གཞན་རང་མཚན་པ་དཔྱད་ན་མ་གྲུབ་པའི་ཕྱིར་རོ། གཉིས་ཀ་ལས་སྐྱེ་བ་མེད་དེ་དེ་གཉིས་རྫས་འགལ་བས་མ་གྲུབ་ལ། རྒྱུ་མེད་པས་སྐྱེ་བ་མི་སྲིད་པའི་ཕྱིར་རོ། ཇི་ལྟར་སྣང་ཚོད་པའི་སྐྱེ་སོགས་ཙམ་ནི་རྨི་ལམ་སྒྱུ་མ་ཙམ་སྟེ། རྟེན་འབྲེལ་ཡིན་པའི་ཕྱིར་བདེན་པར་མེད་བཞིན་དུ་སྣང་བའོ། །