Jump to content

ཆོས་ཉིད་དོན་གྱི་ཐུགས་རྗེ་

ཡོང་ཁུངས་Wikipedia

ཆོས་ཉིད་དོན་གྱི་ཐུགས་རྗེ།

[རྩོམ་སྒྲིག]

འདི་ཡང་བཀའ་བརྒྱུད་ཆོས་ལུགས་འཛིན་པའི་བླ་མ་ཚོའི་གསུང་རྒྱུན་ལ་ཡོད་པ་ཞིག་སྟེ། དགོངས་དོན་གསལ་པོ་ཞིག་གོ་མ་ཐུབ་ཀྱང་ཚོད་དཔག་བྱས་ན། སྟོང་པ་ཉིད་ཀྱི་ལྟ་བ་དང་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པ་ལ་སྟོང་ཉིད་རྗེའི་སྙིང་པོ་ཅན་ཞེས་ས་དགེའི་བླ་མ་གོང་མ་རྣམས་ཀྱི་གསུང་རྒྱུན་ལ་ཡོད་པ་དེ་དང་མིང་མི་འདྲ་བ་ཙམ་ལས་དགོངས་པའི་ཕྱོགས་གཅིག་ཡིན་པ་འདྲ་སྙམ། གལ་ཏེ་གོ་ནོར་བྱུང་ཡོད་ན་ཐུགས་མི་ཁྲེལ་བར་ཡོ་བསྲང་གནང་རོགས་ཞུ།