Jump to content

ཆོས་ཅན་བརྗོད་པའི་སྒྲ་

ཡོང་ཁུངས་Wikipedia

ཆོས་ཅན་བརྗོད་པའི་སྒྲ།

[རྩོམ་སྒྲིག]

རྗོད་བྱེད་ཀྱི་སྒྲ་ལ་སྨྲ་བ་པོ་དང་ཉན་པ་པོའི་བརྗོད་འདོད་དབང་གིས་གཉིས་སུ་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗོད་བྱེད་ཀྱི་སྒྲ་གང་ཞིག སྨྲ་བ་པོ་དང་ཉན་པ་པོའི་འདོད་པས་དམིགས་པའི་དོན་དེ་ཉིད་ཁྱད་གཞིར་སྟོན་པའི་སྒྲ་དེ་ཆོས་ཅན་བརྗོད་པའི་མཚན་ཉིད། མཚན་གཞི་ནི། རས་དཀར་པོ་ཞེས་བརྗོད་པའི་སྒྲ་ལྟ་བུའོ། །དེ་ལྟར་བརྗོད་པའི་ཚེ། སྒྲ་དེ་ཆོས་ཅན་བརྗོད་པའི་སྒྲ་ཡིན་ཏེ། རས་དེ་དཀར་པོའི་ཁྱད་པར་དུ་བྱ་བའི་གཞི་དང་། དཀར་པོ་དེ་རས་སྔོན་པོ་སོགས་ལས་ཁྱད་པར་དུ་འབྱེད་པའི་ཆོས་སུ་སྟོན་པའི་ཕྱིར། ཆོས་ཅན་བརྗོད་པའི་སྒྲ་ལ་ཁྱད་པར་གཞན་མི་སྤོང་བའི་སྒྲ་ཞེས་ཀྱང་ཟེར་བ་ཡིན། ཆོས་བརྗོད་ཀྱི་སྒྲ་དང་ཆོས་ཅན་བརྗོད་པའི་སྒྲ་དེ་གཉིས་ཀྱིས་རང་གི་ལྡོག་པ་གཅིག་བརྗོད་པར་ཁྱད་མེད་ཀྱང་། གཅིག་གིས་རས་ཁྱད་གཞིར་བརྗོད་པ་དང་། གཅིག་ཤོས་ཀྱིས་རང་ཁྱད་ཆོས་སུ་བརྗོད་པ་ཡིན།