Jump to content

ཆོས་ཀྱི་འཁོར་ལོ་

ཡོང་ཁུངས་Wikipedia
   མི་གཞན་གྱིས་ཁྱེད་ཀྱི་ཤོག་ལྷེ་འདིའམ་དུམ་བུ་འདི་འབྲེལ་དགོས་པའི་བསམ་འཆར་འདུག „འཀོར་ལོ།“!
ཞིབ་ཅིང་ཕྲ་བའི་གླེང་མོལ་ མང་པོ་མཐོང་ཐུབ།

ཆོས་ཀྱི་འཁོར་ལོ།

[རྩོམ་སྒྲིག]

ཆོས་ཀྱི་འཁོར་ལོ་ཞེས་པ་ཆོས་དང་འཁོར་ལོ་གཉིས་དཔེ་དོན་སྦྱར་བ་སྟེ། དཔེར་ན། སངས་རྒྱས་ཀྱིས་ཆོས་གསུངས། དེའི་སློབ་མས་ཀྱང་སློབ་མ་གཞན་ལ་གསུངས་པ་དེ། འཁོར་ལོའི་རྩིབས་གཅིག་ནས་གཅིག་ཏུ་བརྒྱུད་དེ་འཁོར་བ་དང་འདྲ་བའི་དོན། དེའི་དཔེ། དགེ་རྒན་གྱིས་དགེ་ཕྲུག་དང་། དགེ་ཕྲུག་དེས་ཁོ་རང་གི་དགེ་ཕྲུག་སོགས་མང་པོ་ལ་བརྒྱུད་ནས་འཁོར་འགྲོ་བ་དང་འདྲའོ། །གོ་དོན་ཟབ་གྱི་དབང་དུ་བྱས་ན། ཐབས་ལ་མཁས་ཤིང་ཐུགས་རྗེ་ཅན་གྱི་སྟོན་པས་གདུལ་བྱ་རིགས་ཅན་གསུམ་ལ་རང་རང་གི་སྐལ་བ་དང་འཚམས་པའི་སྲིད་པའི་ནད་བརྒྱ་འཇོམས་ཤིང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་ཕྱིར་དུ་བརྗོད་བྱ་བསླབ་པ་གསུམ་གྱི་བསྡུས་པའི་ངག་གི་གདམས་པ་རྣམས་ནི་ཆོས་སྟེ། དེ་ནི་འཁོར་ལོ་རིན་པོ་ཆེ་དང་ཁྱད་ཆོས་མཚུངས་པ་ནི་གདུལ་བྱའི་མི་མཐུན་ཕྱོགས་འཇོམས་ནུས་པ་དང་། ལམ་རྣམས་སུ་འདོར་ཞིང་འཇུག་པ། མྱུར་དུ་འགྲོ་བ་དང་། འཁོར་ལོར་འཛིན་བྱེད་ཀྱི་ལྟེ་བ་དང་། གཅོད་པའི་རྩིབས་དང་། སྡུད་བྱེད་མུ་འཁྱུད་གསུམ་དུ་བསྡུས་པ་བཞིན་དམ་ཆོས་ལ་ཡང་བརྗོད་བྱ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན། ཤེས་རབ་ཀྱི་བསླབ་པ་གསུམ་གྱི་བདག་ཉིད་ཅན་གྱི་སྡེ་སྣོད་གསུམ་དུ་བསྡུས་པ་བཅས་ཀྱི་ཆོས་མཚུངས་པས་ཆོས་ཀྱི་འཁོར་ལོ་ཞེས་བྱའོ། །