ཆོས་ཀྱི་བདག་མེད་
མཐོང་རིས་
ཆོས་ཀྱི་བདག་མེད།
[རྩོམ་སྒྲིག]རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པས་གང་ཟག་གི་བདག་མེད་ཕྲ་རགས་འདོད་ཚུལ་བྱེ་བྲག་པ་དང་མདོ་སྡེ་པ་དང་འདྲ་ལ། ཆོས་ཀྱི་བདག་མེད་ལ་གཟུང་འཛིན་གཉིས་སྟོང་དང་། རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་རྣམས་ནི་ཆོས་ཀྱི་བདག་མེད་རགས་པ་དང་། ཆོས་ཐམས་ཅད་བདེན་གྲུབ་ཀྱིས་སྟོང་པའི་སྟོང་ཉིད་དང་། དོན་དམ་བདེན་པ་རྣམས་ཆོས་ཀྱི་བདག་མེད་ཕྲ་མོར་འདོད་དོ། །བདག་མེད་གཉིས་ཀྱང་དགག་བྱའི་སྒོ་ནས་འབྱེད་པ་ཡིན་གྱི་སྟོང་གཞིའི་སྒོ་ནས་འབྱེད་པ་མ་ཡིན་ཏེ། གཞི་གང་ཟག་གི་སྟེང་དུ་དགག་བྱ་བདེན་གྲུབ་བཀག་པ་དེ་ཆོས་ཀྱི་བདག་མེད་ཕྲ་མོ་དང་། གཞི་གང་ཟག་གི་སྟེང་དུ་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པ་བཀག་པ་དེ་གང་ཟག་གི་བདག་མེད་ཕྲ་མོ་ཡིན་པའི་ཕྱིར།