ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་

ཡོང་ཁུངས་Wikipedia

ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་།[རྩོམ་སྒྲིག]

འདོད་ཆགས་བཞི་སྟོང་གཏི་མུག་གསུམ། དེ་གསུམ་ཆ་མཉམ་ཉིས་ཁྲི་གཅིག་སྟོང་གི་གཉེན་པོར་འདུ་བ་མདོ་ལྡེ་མངོན་པ་ལྡེ་སྣོད་གསུམ་ཆ་མཉམ་པ་ཉིས་ཁྲི་ཆིག་སྟོང་རེ་རེ་གསུང་པས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟེ། ཚད་ནི་གླང་པོ་ཆེ་ས་སྲུང་གི་བུས་ཐིག་ཚད་སྣག་ཚས་ཆོས་ཕུང་གཅིག་བྲིས་པར་ནུས་སོ། ཡང་རང་གྲོལ་དབང་གྲགས་བརྒྱ་མཚོའི་ཞལ་ནས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཡང་། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་གསུངས་པ་སྟེ། དེ་ཡང་རྩ་བ་འདོད་ཆགས་ལས་འགྱུར་པའི་ཉོན་མོངས་པ་ཉིས་ཁྲི་ཆིག་སྟོང་གི་གཉེན་པོར་འདུལ་བ་ཉིས་ཁྲི་ཆིག་སྟོང་གསུངས་སྟེ། དེ་ཡང་དབྱེ་ན་གཉེན་པོ་དམ་བཅའ་ལ་བརྟེན་པ་ཁྲི་ཕྲག་གཅིག རང་བཞིན་ལ་བརྟེན་པའི་ཁྲི་ཕྲག་གཅིག ཟུང་འཇུག་ལ་བརྟེན་པ་ཁྲི་ཕྲག་གཅིག་གསུངས་སོ། རྩ་བ་ཞེ་སྡང་ལས་འགྱུར་པའི་ཉོན་མོངས་པ་ཉིས་ཁྲི་གཅིག་སྟོང་གི་གཉེན་པོར་མངོན་པ་ཉིས་ཁྲི་གཅིག་སྟོང་གསུང་སྟེ། དེ་ཡང་དབྱེ་ན། སྐྱེ་མེད་ལ་བརྟེན་པ་ཁྲི་ཕྲག་གཅིག འགག་མེད་ལ་བརྟེན་པའི་ཤེས་རབ་ཁྲི་ཕྲག་གཅིག གཉིས་མེད་ཟུང་འཇུག་ལ་བརྟེན་པའི་ཤེས་རབ་ཁྲི་ཕྲག་གཅིག་གསུངས་སོ། རྩ་བ་དུག་གསུམ་ལས་ཆ་མཉམ་ལས་གྱུར་པའི་ཉོན་མོངས་པ་ཉིས་ཁྲི་གཅིག་སྟོང་གི་གཉེན་པོར་ཡོ་ག་ཉིས་ཁྲི་ཆིག་སྟོང་གསུངས་པ། དེ་ཡང་བསྐྱེད་རིམ་ལ་བརྟེན་པའི་ཁྲི་ཕྲག་གཅིག རྫོགས་རིམ་ལ་བརྟེན་པ་ཡེ་ཤེས་ཁྲི་ཕྲག་གཅིག བསྐྱེད་རྫོགས་ཟུང་འཇུག་ལ་བརྟེན་པ་ཡེ་ཤེས་ཁྲི་ཕྲག་གཅིག་ཅེས་གསུངས་སོ། ཅེས་གསུངས་སོ། །