ཆོག་ཐུ(ཧན)ཁང་
མཐོང་རིས་
ཆོག་ཐུ(ཧན)ཁང་།
[རྩོམ་སྒྲིག]ཆོག་ཐུ་ཧན་ཞེས་སྔར་གུ་ཤྲི་ཧན་གྱི་དུས་སྐབས་སུ་ཁལ་ཁ(ཧལ་ཧ)དང་ཨོ་རོད་འཁྲུག་རྗེས་ཆ་ཧར་གྱི་ཆོག་ཐུ་སོགས་ཧལ་ཧའི་ཡུལ་དུ་ཡོང་བ་ནང་འཁྲུག་གི་རྒྱུར་སོང་བས་ཁལ་ཁ་ཡོངས་ནས་ཁོ་རང་དམག་མི་དང་བཅས་པ་ཡུལ་བསྐྲད་དེ་མཚོ་སྔོན་དུ་ཡོང་བ་རྗེས་སུ་གུ་ཤྲི་ཧན་གྱི་དམག་གིས་བསད་པ་དེ་ཡིན་ཅིང་། ཧན་ལ་ཁང་ཞེས་ཡོང་དོན་ནི་སོག་སྐད་ཀྱི་ཧ་ལ་བོད་སྐད་ཀྱི་སྒྲ་ཁ་དང་། སོག་སྐད་ཀྱི་ན་ལ་བོད་སྐད་ཀྱི་སྒྲ་ང་ཐོན་པ་སོགས་ལ་ཁང་ཞེས་དེ་ལྟར་བྱུང་ངོ་།