ཆེས་ཐོག་མའི་གནམ་གྲུ་གསར་གཏོད་མཁན་

ཡོང་ཁུངས་Wikipedia

1903ལོའི་ཟླ་12པའི་ཚེས་17ཉིན། ཝེར་པོ་ལེ་ཐེ་དང་ཨའོ་ཝེར་ལེ་ཐེ་སྤུན་གཉིས་ཀྱིས་ཚོད་ལྟའི་གནམ་གྲུ་ཨ་རི་ནས་ཐེངས་དང་པོ་མཁའ་དབྱིངས་སུ་འཕུར་པ་ལེགས་འགྲུབ་བྱུང་། འདི་ནི་འཛམ་གླིང་གི་མཁའ་སྐྱོད་གནམ་གྲུ་ཨང་དང་པོ་དེ་ཡིན།

ལེ་ཐེ་སྤུན་གཉིས་ནི་བྱིས་པའི་དུས་ནས་འགྲོགས་འདྲེས་ཆེ་ལ་བསམ་ཚུལ་དྲན་ཚུལ་ཡ་མཚར་བ་རྐྱང་རྐྱང་ཡིན་པས་མིའི་བསམ་ཡུལ་ལས་འདས་པའི་དོན་དག་མང་པོ་བསྒྲུབས་མྱོང་། ཐེངས་ཤིག་ལ་ཁོ་གཉིས་ཀྱང་ལོ་རེའི་དགུན་དུས་ཀྱི་དར་ཤུད་འགྲན་སྡུར་ལ་ཞུགས་པས་རང་གིས་བཟོས་པའི་དར་ཤུད་གྲུ་ཆུང་ཁུར་ནས་རི་ཁར་སླེབས། ཚང་མས་ཁོ་གཉིས་ཀྱིས་བཟོས་པའི་དར་ཤུད་གྲུ་ཆུང་ལ་བལྟས་ནས་དགོད་བཞིན་འདུག རྒྱུ་མཚན་ནི་ཁོ་གཉིས་ཀྱི་དར་ཤུད་གྲུ་ཆུང་དེ་བལྟས་ན་ཤིན་ཏུ་ཡ་མཚར་བ་ཞིག་རེད།

འགྲན་སྡུར་གྱི་བརྒྱུད་རིམ་ཁྲོད་ཁོ་གཉིས་ཀྱིས་རླུང་གི་འགོག་ཤུགས་ཇེ་ཞན་དུ་གཏོང་ཆེད་དར་ཤུད་གྲུ་ལ་ཉལ་ནས་ཤུད་པས་མཐར་ཁོ་གཉིས་ཀྱིས་ཐེངས་དེའི་དར་ཤུད་ལ་དགའ་རྟགས་ཨང་དང་པོ་ཐོབ།


ཡང་ཐེངས་ཤིག་ལ་ཨ་ཕ་ཡུལ་གཞན་ནས་ལོག་སྐབས་ཁོ་གཉིས་ལ། འབུ་བླ་མ་མ་ཎི་ཡི་རྩེད་ཆས་རེ་ཉོས་ནས་ཐོན། འབུ་བླ་མ་མ་ཎི་ཡི་རྩེད་ཆས་དེའི་བཟོད་བཀོད་ཤིན་ཏུ་སྟབས་བདེ་ཞིག་སྟེ་གཞུང་རྟ་ཞིག་དང་གཤོག་པ་གསུམ་གྱིས་གྲུབ་པ་ཡིན། འོག་ཏུ་འགྱིག་སྐུད་ཅིག་གིས་བསྡམས་འདུག འགྱིག་སྐུད་དམ་དུ་བཅིངས་ནས་སྟེང་ཕྱོགས་སུ་ལྷོད་ན་དེ་མ་ཐག་འབུ་བླ་མ་མ་ཎི་གྱེན་དུ་འཕུར་འགྲོ་བ་ཡིན།  སྟོབས་ཤུགས་ཅི་ཞིག་གིས་འབུ་བླ་མ་མ་ཎི་འཕུར་ཐུབ་པ་ཡིན་ཞེས་སྤུན་གཉིས་ཀྱིས་རྩོད་པ་ཡུན་རིང་ལ་བྱེད་རྒྱུའི་གཞིར་གྱུར། རྩོད་པ་འདི་ལ་བརྟེན་ནས་ཁོ་གཉིས་ཀྱི་རིག་པའི་ཀློང་བརྡོལ་ཏེ་མཐར་འཇིག་རྟེན་གྱི་རྒྱན་དུ་གྱུར་བའི་གནམ་གྲུ་ཨང་དང་པོ་དེ་བཟོ་སྐྲུན་མཛད་པ་རེད།