Jump to content

ཆེ་དགུ་རིང་དང་བཅུ་

ཡོང་ཁུངས་Wikipedia

ཆེ་དགུ་རིང་དང་བཅུ། ༡.སྦས་ཆེ་བཙན་བྱ་རུ་ཅན་སྣང་གཞེར་ལྷ་བཙན་ལ་ནོར་བུ་ཀེ་ཀེ་རུ་དང་སྟག་གི་གོང་ཐོད་ཡོད་པས་ཆེ། ༢.མཆིམས་གཉལ་པ་རྒྱལ་གཟིགས་ཤུད་ཏིང་ལ་གཡུའི་ཡི་གེ་གཡུང་དྲུང་ཆེན་པོ་དང་། བྲན་དགུ་ཁྲི་ཡོད་པས་ཆེ། ༣.འབྲོ་ཁྲོ་མདའ་གཅུང་པ་ལ། སེང་གེ་དཀར་མོའི་གོང་སླག་ཡོད་པས་ཆེ། ༤.སྣ་ནམ་རྒྱལ་ཉེར་ཉ་བཟང་ཆོས་ཀྱི་བླ་མཁྱེན་ཡིན་པས་ཆེ། ༥.སྦྲང་རྒྱལ་ར་ལེགས་གཟིགས་ལ། གཡུའི་གཡུང་དྲུང་དང་། གསེར་གྱི་ཡི་གེ་ཡོད་པས་ཆེ། ༦.མྱང་ཞ་བོ་ཆེ་ལ་གནམ་གྱི་ཞྭ་ཡོད་པས་ཆེ་བའོ། །