ཆུ་འོད་ཀྱི་བཀང་ཆུ་ཤིང་
མཐོང་རིས་
ཆུ་འོད་ཀྱི་བཀང་ཆུ་ཤིང་།
[རྩོམ་སྒྲིག]འདི་ལ《མངོན་བརྗོད་མཁས་པའི་རྣ་རྒྱན》ལས། འབྲས་བུ་སྨིན་ནས་འཇིག་པའི་ཤིང་རིགས་གསུམ་བཤད་པའི་ནང་ནས་ནང་དུ་ཆུས་གང་བའི་ཆུ་ཤིང་སྟེ། འགའ་ཞིག་གིས་སྨྱུག་མ་ལ་ངོས་འཛིན་པ་དང་། འགའ་ཞིག་གིས་འོམ་བུ་ནག་པོར་ངོས་འཛིན། 《མངོན་བརྗོད་ནོར་བུའི་ཕྲེང་བ》ཞ་ལུ་ལོ་ཆེན་གྱིས་བསྒྱུར་བ་ལས་ཨེ་ར་ཎྜ་ཞེས་པའི་མཆན་དུ་ཆུ་ཤིང་། ཞེས་འབྱུང་བ་སོགས་བཤད་སྲོལ་མི་འདྲ་བ་འདུག་པས་བརྟག