ཆུ་ངོགས་གཏམ་རྒྱུད་དང་བོད་ཀྱི་གྲུབ་མཐའ་

ཡོང་ཁུངས་Wikipedia

རྩོམ་པ་བོ། གསང་མདའ།

དེང་སྐབས་ང་ཚོས་མཐུན་སྒྲིལ་བཤད་བཞིན་ཕྱོགས་ལྷུང་བྱེད། དམའ་འབེབ་བྱེད། འཕྱའ་དམོད་བྱེད། ཞྭ་མོ་བཟོ། ཁ་འཐབ་བྱེད། དོན་དམ་དུ་བཤད་ན་འདི་ལྟར་བྱས་པས་ང་ཚོ་ལ་ཁེ་བཟང་ཡོད་དམ། བོད་ནང་གི་གྲུབ་མཐའི་རྩོད་རྙོག་འདི་ནི་ང་ཚོ་ལ་རྒྱུས་མངའ་ཆེ་བའི་ཆུ་ངོགས་གཏམ་རྒྱུད་དང་འདྲ་ས་མང་བོ་ཞིག་ཀྱང་འདུག

དཔེར་ན་ལེན་ཧྲན་མཚོ་གླིང་དང་ཧྥང་ལཱ་གཉིས་ནི་སྟོབས་ཤུགས་ཆེ་བའི་ཚོགས་སྡེ་ཆེན་པོ་གཉིས་ཡིན་པས། ཚོགས་སྡེ་འདི་གཉིས་ནི་ཀའོ་ཆིག་དང་ཀའོ་ཆིག་གི་ཕྱོགས་ལ་གཏོགས་ཚད་ཀྱི་སེམས་པའི་སྟེང་གི་ལྕགས་འཛེར་དང་འདྲ་བ་ཡིན་ལ། ཁོ་ཚོ་ཆེས་སྔངས་འཚབ་སྐྱེ་ས་ནི་ཚོགས་སྡེ་ཆེན་པོ་གཉིས་ཀྱིས་སྟོབས་ཤུགས་ཆིག་སྒྲིལ་བྱེད་རྒྱུ་དེ་རེད། གལ་ཏེ་ཚོགས་སྡེ་གཉིས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ཚེ། ཀའོ་ཆིག་གི་མདུན་ལམ་གཡང་ལ་ཐུག་ཡོད། ཡིན་ཡང་། ཐབས་མཆོག་གཅིག་གིས་རི་བོ་ཐལ་བར་བརླགས་སོང་། ཐབས་མཆོག་དེའི་མིང་ལ། "ཇག་པས་ཇག་པ་འདུལ"ཞེས་པའི་མན་ངག་དེ་ཡིན། ལེན་ཧྲན་དང་ཧྥང་ལཱ་གཉིས་ནང་འཛིང་བྱས་དུས་ཀའོ་ཆིག་གིས་དུག་ཆང་མངར་མོ་ཕོར་གང་བཟུང་ནས་རྒྱལ་ཁ་ལེན་པའི་ཇག་པ་དེ་སུ་ཡིན་ལ་བསྒུག་ཡོད།

མཐའ་མཇུག་ལ་སླེབས་དུས། ཡ་ང་བའི་ནང་འཁྲུག་དེའི་ཁྲོད་དུ་དཔའ་རྟུལ་བརྒྱད་ཅུའི་མང་ཤོས་ཀྱི་ཚེ་སྲོག་ཤོར་བས། ལེན་ཧྲན་དང་ཧྥང་ལཱ་སུ་ལ་མཚོན་ཡང"གནམ་གྱི་ཚབ་ལ་བདེན་ལུགས་སྐྱོང"ཟེར་བ་ནི། དེ་ནས་བཟུང་ཁ་སྟོང་ནང་གི་ཚིག་སྟོང་ཙམ་དུ་གྱུར་ཡོད་པར་མ་ཟད། ད་དུང་འཇམ་ཐང་ངེར་ལྷག་པའི་དུག་ཆང་ཕོར་བ་གང་བོ་དེ་ནི་ཤུལ་ཏུ་ལྷག་པའི་ཇག་དཔོན་གྱིས་ངེས་པར་འཐུང་དགོས་པའི་བཀའ་ལུང་བཙན་པོ་ཞིག་ཀྱང་ཡིན།

དེང་སང་གི་ཁ་རྩོད་རྩོད་རྙོག་ཆེན་མོ་འདི་ཡང་གཏམ་རྒྱུད་འདིའི་གཞུང་རྟ་དང་ཧ་ཅང་མཐུན་འདུག་ལ། དེའི་ནང་དུ་སྐབས་འཚོལ་རང་ལུགས་པའི་ཁྲམ་པ་མང་བོས་འདུ་འཛི་ཡང་ལྷག་པར་རྒོད་པས། དམ་པ་དག་གིས་ཐུག་བསམ་བཞེས་དགོས། འགྱོད་པ་གཞུག་ནས་སྐྱེས་དུས་ཚར་ཡོད།

གསལ་བཤད།

རྩོམ་སྟེགས་འདིར་རིན་ཐང་ཆེ་བའི་དཔྱད་རྩོམ་དང་། དམངས་སྲོལ་ངོ་སྤྲོད། བརྒལ་བརྟག སྒྲུང་ཐུང་། བསྒྱུར་རྩོམ། འབོལ་རྩོམ། གླེང་བརྗོད། ཁ་བརྡ་འམ་བཅར་འདྲི། ཡུལ་སྐོར་ཟིན་ཐོ། ད་དུང་གསར་འགྱུར་གལ་ཆེན་སོགས་འགོད་ཀྱིན་ཡོད་པས་མི་རིགས་རིག་གནས་དར་རྒྱས་ཀྱི་ཆེད་དུ་རང་དང་གཞན་གྱི་རྩོམ་ཡིག་རིན་ཐང་ཅན་རེ་ཡིས་རྒྱབ་སྐྱོར་ཡོང་བར་བཀའ་དྲིན་སྙིང་ནས་ཞུ། དེ་མིན་སྙན་རྩོམ་མང་བོ་འགོད་ཐུབ་ཀྱི་མེད། ལྷག་པར་དུ་བཅད་མ་དང་རང་མོས། དེ་ལའང་རྒྱུ་མཚན་ཡོད་མོད། གནས་སྐབས་སུ་གླེང་བར་མི་བྱའོ།།