ཆིས་ཏན་ཏའི་གླེའུ་
ཆིས་ཏན་ཏའི་གླེའུ།
[རྩོམ་སྒྲིག](ཆིས་ཏན་ཏཱ་ལེའོ)契丹大辽ཆིས་ཏན་ཆེན་པོ་ལེའོ་རྒྱལ་ཁབ་ཅེས་པའི་དོན་ཡིན།
མིང་གི་བྱུང་ཚུལ།
[རྩོམ་སྒྲིག]རྒྱའི་སྐད(ཆིས་ཏན་ཏཱ་ལེའོ契丹大辽)ལས་ཟུར་ཆགས་གོ། ཆིས་ཏན་ཆེན་པོ་ལེའོ་རྒྱལ་ཁབ་ཅེས་པའི་དོན་ཡིན། དབྱིན་སྐད་ལKhitayཞེས་ཟེར།
ཆིས་ཏན་མི་རིགས་ཀྱི་ལོ་རྒྱུས།
[རྩོམ་སྒྲིག]དེ་ཡང་ཆིས་ཏནKhitayམི་རིགས་ནི་ཀྲུང་གོའི་སུས་རྒྱལ་རབས་དང་ཐང་རྒྱལ་རབས་གྱི་སྔོན་ལ་བྱང་ཤར་ས་ཁུལ་དུ་འཚོ་སྡོད་བྱེད་པའི་གནའ་རབས་ཀྱི་མི་རིགས་ཤིག་ཡིན་ཅིང་། འབྲོག་ལས་དང་། ཉ་ལས། རི་དྭགས་རྔོན་པ་བཅས་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད། སུས་རྒྱལ་རབས་དང་ཐང་རྒྱལ་རབས་ཀྱི་དུས་སུ་ཀྲུང་ཡོན་ས་ཁུལ(ཧོ་ནན)དང་འབྲེལ་འདྲིས་བྱུང་ནས་ཆིས་ཏན་མི་རིགས་ཀྱི་དཔལ་འབྱོར་དང་རིག་གནས་ཐོག་ལ་གོང་འཕེལ་ཆེན་པོ་བྱུང་། ཐང་རྒྱལ་རབས་ཀྱི་དུས་མཇུག་ཏུ་ཆིས་ཏན་མི་རིགས་ཀྱི་འགོ་པ་གཡེ་ལུས་ཨཱ་པོ་ཅི(耶律阿保机)ཟེར་བས་ཆིས་ཏན་ཚོ་པ་ཁག་གཅིག་གྱུར་བྱས། སྤྱི་ལོ༩༡༦ལོར་གཡེ་ལུས་ཨཱ་པོ་ཅིས་རྒྱལ་པོ་བྱས་ནས་ཆིས་ཏན་བཀས་བཀོད་རྒྱུད་འཛིན་གྱི་སྲིད་དབང་བཙུགས། སྤྱི་ལོ༩༤༧ལོར་ལེའོ་ཐའི་ཙུང་ཡེ་ལུས་ཏེ་ཀོང་གིས་ཆིས་ཏན་རྒྱལ་ཁབ་ཟེར་བའི་མིང་དེ་ལེའོ་རྒྱལ་ཁབ་ཅེས་པར་བསྒྱུར། རྒྱལ་ས་ནི་བྱང་ཤར་ལེའོ་ཉིང་ཞིང་ཆེན་གྱི་པཱ་ལིན་ཙོ་ཆིས་ལ་བྱས་ཤིང་། རྒྱལ་རབས་འདིར་རྒྱལ་པོ་དགུ་བྱུང་བའི་རུས་མིང་ནི་གཡེ་ལུས་ཡིན། སྤྱི་ལོ༩༡༦ནས༡༡༢༥བར་ལོ་ངོ་ཉིས་བརྒྱ་དང་བཅུའི་རིང་སྲིད་དབང་བཟུང་། སུང་བྱང་མའི་རྒྱལ་རབས་བརྒྱད་པ་སུང་ཧུས་ཙུང་གིས་ཅིན་རྒྱལ་ཁབ(མན་ཇུ་རྒྱལ་ཁབ)དང་མཉམ་འབྲེལ་བྱས་ནས་ཆི་ཏན་རྒྱལ་རབས་གཏོར་རྗེས་ཆིས་ཏན་བྱང་མ་དང་། གཡས་རུ་གཉིས་སུ་གྱེས་པའི་ཕྱི་མ་དེ་ལ་ཤིས་ལེའོ(ལེའོ་ནུབ་མ)ཟེར། དེ་ལ་རྒྱལ་ཁབ་ལྔ་བྱུང་ཞིང་རྒྱལ་ས་ནི་དེང་སང་སུའུ་ལན་གྱི་མངའ་ཁོངས་སུ་ཡོད་པའི་ཐུའོ་ཁེ་མ་ཁེའི་ཤར་ཕྱོགས་སུ་ཡོད། རྒྱལ་རབས་འདིར་རྒྱལ་པོ་མི་རབས་ལྔ་བྱུང་བའི་རུས་མིང་ནི་གོང་དང་མཚུངས་ཤིང་། སྤྱི་ལོ༡༢༤ནས་༢༢༢བར་ལོ་ངོ་དགུ་བཅུ་གོ་བརྒྱད་རིང་སྲིད་དབང་བཟུང་། རྒྱལ་རབས་ལྔ་པའི་དུས་ཅིན་རྒྱལ་རབས་ཀྱི་རྒྱལ་པོ་དང་པོས་གཏོར་བ་ཡིན།
ཆིས་ཏན་ལེའོ་རྒྱལ་རབས།
[རྩོམ་སྒྲིག]ཐང་རྒྱལ་རབས་ཀྱི་དུས་མཇུག་ཏུ་ཆིས་ཏན་མི་རིགས་ཀྱི་འགོ་པ་གཡེ་ལུས་ཨཱ་པོ་ཅི(耶律阿保机)ཟེར་བས་ཆིས་ཏན་ཚོ་པ་ཁག་གཅིག་གྱུར་བྱས། སྤྱི་ལོ༩༡༦ལོར་གཡེ་ལུས་ཨཱ་པོ་ཅིས་རྒྱལ་པོ་བྱས་ནས་ཆིས་ཏན་བཀས་བཀོད་རྒྱུད་འཛིན་གྱི་སྲིད་དབང་བཙུགས། སྤྱི་ལོ༩༤༧ལོར་ལེའོ་ཐའི་ཙུང་ཡེ་ལུས་ཏེ་ཀོང་གིས་ཆིས་ཏན་རྒྱལ་ཁབ་ཟེར་བའི་མིང་དེ་ལེའོ་རྒྱལ་ཁབ་ཅེས་པར་བསྒྱུར། རྒྱལ་ས་ནི་བྱང་ཤར་ལེའོ་ཉིང་ཞིང་ཆེན་གྱི་པཱ་ལིན་ཙོ་ཆིས་ལ་བྱས་ཤིང་། རྒྱལ་རབས་འདིར་རྒྱལ་པོ་དགུ་བྱུང་བའི་རུས་མིང་ནི་གཡེ་ལུས་ཡིན། སྤྱི་ལོ༩༡༦ནས༡༡༢༥བར་ལོ་ངོ་ཉིས་བརྒྱ་དང་བཅུའི་རིང་སྲིད་དབང་བཟུང་། སུང་བྱང་མའི་རྒྱལ་རབས་བརྒྱད་པ་སུང་ཧུས་ཙུང་གིས་ཅིན་རྒྱལ་ཁབ(མན་ཇུ་རྒྱལ་ཁབ)དང་མཉམ་འབྲེལ་བྱས་ནས་ཆི་ཏན་རྒྱལ་རབས་གཏོར་རྗེས་ཆིས་ཏན་བྱང་མ་དང་། གཡས་རུ་གཉིས་སུ་གྱེས་པའི་ཕྱི་མ་དེ་ལ་ཤིས་ལེའོ(ལེའོ་ནུབ་མ)ཟེར། དེ་ལ་རྒྱལ་ཁབ་ལྔ་བྱུང་ཞིང་རྒྱལ་ས་ནི་དེང་སང་སུའུ་ལན་གྱི་མངའ་ཁོངས་སུ་ཡོད་པའི་ཐུའོ་ཁེ་མ་ཁེའི་ཤར་ཕྱོགས་སུ་ཡོད། རྒྱལ་རབས་འདིར་རྒྱལ་པོ་མི་རབས་ལྔ་བྱུང་བའི་རུས་མིང་ནི་གོང་དང་མཚུངས་ཤིང་། སྤྱི་ལོ༡༢༤ནས་༢༢༢བར་ལོ་ངོ་དགུ་བཅུ་གོ་བརྒྱད་རིང་སྲིད་དབང་བཟུང་། རྒྱལ་རབས་ལྔ་པའི་དུས་ཅིན་རྒྱལ་རབས་ཀྱི་རྒྱལ་པོ་དང་པོས་གཏོར་བ་ཡིན།