ཅི་ཆེའུ་མའེ།

ཡོང་ཁུངས་Wikipedia
ཅི་ཆེའུ་མའེ།
སྐྱེས་པའི་ཟླ་ཚེས་Template:Br separated entries
ཤི་བའི་ཚེས་གྲངས་Template:Br separated entries
Template loop detected: Template:Infobox person/Wikidata

ཅི་ཆེའུ་མའེ།(姬秋梅)ཁོང་ནི་གཙོ་བོ་ནོར་གནག་ཐོན་སྐྱེད་མ་ལག་ཞིབ་འཇུག་གི་ཕྱག་ལས་གནང་བཞིན་ཡོད། སྔ་རྗེས་སུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་ཞིབ་འཇུག་བྱ་གཞི་ཁག་༡༦གི་གཙོ་འགན་བཞེས་ནས་ལེགས་གྲུབ་བྱུང་ཡོད། དེ་བཞིན་བོད་ལྗོངས་ནོར་གནག་ཞིབ་འཇུག་དང་འཕེལ་རྒྱས་ལྟེ་གནས་ཀྱི་ཀྲུའུ་རེན་གྱི་འགན་ཁུར་གནང་གི་ཡོད། ནོར་གནག་འདེམས་གསོའི་ས་ཚིགས་ཁག་གཉིས་གསར་འཛུགས་གནང་ཡོད་པ་མ་ཟད། ནོར་གནག་གི་རྒྱུད་པའི་ཐོན་ཁུངས་དང་རྒྱུད་སྤེལ་གསར་གཏོད་ཚོགས་པའང་གསར་འཛུགས་གནང་ཡོད་དེ། བོད་ཀྱི་ནོར་གནག་ཚན་རྩལ་འཕེལ་རྒྱས་དང་ཐོན་རྫས་འཕེལ་རྒྱས་ཐད་བྱས་རྗེས་ཆེན་པོ་བཞག་གནང་ཡོད། དཔྱད་རྩོམ་ཁག་༥༠ཙམ་སྤེལ་གནང་མཛད་ཡོད།

སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་རིམ་པ་དང་པོ་ཁག་གཉིས་དང་བྱ་དགའ་རིམ་པ་གཉིས་པ་ཁག་གཉིས། བྱ་དགའ་རིམ་པ་གསུམ་པ་ཁག་བཞི་བཅས་ཐོབ་ཡོད། དེ་བཞིན་རྒྱལ་ཡོངས་རིམ་པའི་བྱ་དགའ་༺གསུམ་བརྒྱད་དར་དམར་ཅན་༻དང་༺ཀྲུང་གོའི་ན་གཞོན་བུད་མེད་ཚན་རིག་མཁས་ཅན་༻དང་༺རྒྱལ་ཡོངས་ཕུལ་བྱུང་གི་ཚན་རྩལ་ལས་དོན་པ་༻ ལ་སོགས་པའི་མཚན་སྙན་ཐོབ་ཡོད།