ངོ་བོ་ཉིད་སྐུ་
མཐོང་རིས་
ངོ་བོ་ཉིད་སྐུ།
[རྩོམ་སྒྲིག]ཆོས་སྐུ་ལ་གཉིས་སུ་དབྱེ་བའི་བྱེ་བྲག་དག་པ་གཉིས་ལྡན་གྱི་དབྱིངས་མཐར་ཐུག་པའི་སྐུ་སྟེ། ཟག་པ་མེད་པའི་ཡོན་ཏན་ཐམས་ཅད་ལྡན་པའི་ཆོས་ཀྱི་དབྱིངས་དེ་གདོད་མ་ནས་རང་གཞིན་གྱིས་རྣམ་པར་དག་ཀྱང་སེམས་ཅན་རྣམས་རང་སྣང་གི་སྒྲིབ་པས་བསྒྲིབས་ནས་མངོན་དུ་མ་གྱུར་ལ་དེ་བཞིན་གཤེགས་པ་ཐབས་ལ་མཁས་པས་ཆོས་ཀྱི་སྒོ་སྣ་ཚོགས་ཀྱིས་གདུལ་བྱའི་བློ་རིམ་པར་སྦྱངས་ནས། མཐར་ཐུག་དབྱིངས་དེའི་རང་བཞིན་ཤེས་ཤིང་མངོན་དུ་བྱེད་པ་ལ་བརྟེན་ནས་གློ་བུར་གྱི་དྲིམ་ཐམས་ཅད་དང་བྲལ་བས་ན་དག་པ་གཉིས་ལྡན་གྱི་བྲལ་འབྲས་ངོ་བོ་ཉིད་དུ་གྱུར་པ་ནི་ངོ་བོ་ཉིད་སྐུ་ནི། ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། དེ་དག་རང་བཞིན་མཚན་ཉིད་ཅན། ཞེས་གསུངས་པར་ལྟར་རོ། ། དེ་ལ་དབྱེ་ན་རང་བཞིན་རྣམ་དག་དང་གློ་བུར་དྲི་བྲལ་གྱི་ངོ་བོ་ཉིད་སྐུ་གཉིས་སོ། །
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།