ངལ་རྫི་

ཡོང་ཁུངས་Wikipedia

བོད་ཀྱི་དེང་རབས་སྙན་ངག་པ། དངོས་མིང་ལ་ཡོན་ཏན་ནམ་སྐྱ་ཙ་ཡོན་ཏན་རྒྱ་མཚོ་རུ་འབོད། སྙན་ངག་རིང་མོ༼འདོད་ཁམས༽ཞེས་པ་དང་རིག་གཞུང་༼བོད་སྔ་རབས་ཀྱི་སྒྲུང་གི་བྱུང་བ་བརྗོད་པ་དགྲ་ལྷའི་དཔངས་བསྟོད།།༽ཅེས་པ་བརྩམས་གནང་ཡོད།ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་དང་ཧྲང་ཧེ་ཧྥུ་ཏན་སློབ་གྲྭ་ཆེན་མོ། ཨ་རིའི་ཨོ་རི་ཀེན་སློབ་གྲྭ་ཆེན་མོ་སོགས་འགྲིམ་ཞིང་རྩོམ་རིག་གི་འབུམ་རམས་པའི་མཚན་གནས་བླངས་ཡོད།ད་ལྟ་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་དགེ་རྒན་དང་ཧྲང་ཧེ་ཧྥུ་ཏན་སློབ་གྲྭ་ཆེན་མོའི་འབུམ་རམས་པ་གོང་མའི་ཞིབ་འཇུག་གི་བྱ་བ།ཨ་རིའི་ནཱ་རོ་པ་སློབ་གྲྭ་ཆེན་མོའི་ཞིབ་འཇུག་པ་བཅས་ཀྱི་བྱ་བ་གཉེར་གྱིན་ཡོད།