Jump to content

ངར་འཛིན་

ཡོང་ཁུངས་Wikipedia

ངར་འཛིན་ཞེས་པ་ནི་རང་གི་ལུས་དང་སེམས་སོགས་ལ་བདག་ཡོད་པ་དང་ང་ཡོད་པར་འཛིན་པའི་བློ་ལ་གོ་ཞིང་། སེམས་ཅན་ཐམས་ཅད་ལ་གཉུག་མ་ནས་ཡོད་པའི་མ་རིག་པའི་བློ་ཞིག་ཡིན།

ནང་དོན།

[རྩོམ་སྒྲིག]

ངར་འཛིན་ནི་སེམས་ཅན་ཐམས་ཅད་ལ་རང་བཞིན་གྱིས་ཡོད་པའི་བདག་ཏུ་འཛིན་པའི་བློ་ཞིག་ཡིན་ཏེ། "གཞན་ཕ་མ་དག་གི་ཁུ་བ་དང་ཁྲག་གི་ཐིག་པ་ལ་ངའམ་བདག་མེད་པ་ལ་ཡིད་ཁྱོད་ཀྱིས་བདག་གོ་ཞེས་ངར་འཛིན་བྱས་པ་"[]ཞེས་གསུངས་པ་ལྟར། ཕ་མའི་ཁུ་བ་ཁྲག་ལས་གྲུབ་པའི་ལུས་ལ་དངོས་སུ་བདག་མེད་ཀྱང་སེམས་ཀྱིས་དེ་ལ་བདག་ཏུ་འཛིན་པ་བྱེད་པའི་རྒྱུ་མཚན་བསྟན་པ་ཡིན། གཞན་གྱི་ཆ་ཤས་ལས་གྲུབ་པའི་ལུས་ལའང་བདག་ཏུ་འཛིན་པ་གོམས་པར་བྱས་པ་ཡིན།

བདག་གཞན་བརྗེ་བའི་སྒོ་ནས་འགྲེལ་པ།

[རྩོམ་སྒྲིག]

བདག་གཞན་བརྗེ་བའི་ལམ་ནས་ངར་འཛིན་གྱི་རང་བཞིན་གསལ་པོར་མཐོང་ཐུབ་སྟེ། "གཞན་དག་གི་ཁུ་བ་དང་ཁྲག་གི་ཐིགས་པ་ལ་ཁྱོད་ཀྱིས་བདག་གི་ལུས་སོ་ཞེས་ངར་འཛིན་བྱས་པ་ལྟར། དེ་བཞིན་དུ་སེམས་ཅན་གཞན་ལའང་གོམས་པར་གྱིས་ཤིག་"[]ཅེས་གསུངས་པ་ལྟར། འདི་ནི་ང་ཚོས་ཕ་མའི་ཁུ་བ་ཁྲག་ལས་གྲུབ་པའི་ལུས་འདི་ལ་བདག་གི་ལུས་ཞེས་ངར་འཛིན་བྱེད་པ་དེ་བཞིན། སེམས་ཅན་གཞན་ལའང་དེ་དང་འདྲ་བའི་ཚོར་བ་སྐྱེ་ཐུབ་པའི་ཐབས་ལམ་སྟོན་པ་ཡིན། ངར་འཛིན་བྱེད་པ་ནི་གོམས་པའི་དབང་གིས་ཡིན།

གོམས་པའི་ཐབས་སུ་གྱུར་པ།

[རྩོམ་སྒྲིག]

ངར་འཛིན་གྱི་སྒོ་ནས་གཞན་ལ་བདག་ཏུ་འཛིན་པའི་ཐབས་ནི། "གཞན་ཕ་དང་མ་དག་གི་ཁུ་བ་དང་ཁྲག་གི་ཐིགས་པ་འདྲེས་པ་ཉེ་བར་སྨིན་པ་ལས་གྲུབ་པའི་ལུས་འདི་གཞན་གྱི་ལུས་ཀྱི་ཆ་ཤས་ལས་གྲུབ་པ་ཡིན་ཡང་སྔོན་གོམས་པའི་དབང་གིས་དེ་ལ་ཡིད་ཁྱོད་ཀྱིས་བདག་གི་ལུས་སོ་ཞེས་ངར་འཛིན་བྱས་པ་ལྟར། དེ་བཞིན་དུ་སེམས་ཅན་གཞན་ལའང་བདག་ཏུ་བཟུང་ནས་རང་ཉིད་བཞིན་དུ་གཅེས་པར་འཛིན་པ་རིང་དུ་འབད་ནས་གོམས་པར་གྱིས་ཤིག་"[]ཅེས་གསུངས་པ་ལྟར། རང་གི་ལུས་ལ་ངར་འཛིན་བྱེད་པའི་ཐབས་དེ་ཉིད་སེམས་ཅན་གཞན་ལའང་ཁ་བསྒྱུར་ཏེ། ཁོ་ཚོ་ལའང་རང་ཉིད་བཞིན་དུ་གཅེས་པར་འཛིན་པ་རིང་མོའི་རིང་ལ་འབད་དེ་གོམས་པར་བྱ་དགོས་པར་བསྟན། དེ་ཡང་"གཞན་གཅེས་པར་བཟུང་ནས་གོམས་པར་བྱས་ན་དེ་ལྟའི་བློ་སྐྱེ་བར་ངེས་པ་[]ཞེས་གསུངས་པ་ལྟར། གཞན་ལ་གཅེས་པར་འཛིན་པ་གོམས་པར་བྱས་ན། དེ་འདྲའི་བློ་སྐྱེ་བར་ངེས་པ་ཡིན་པའི་ཡིད་ཆེས་བསྐྱེད་དགོས་པ་ཡིན་ནོ། །
གཞན་ཡང་"་སེམས་ཅན་གཞན་ལའང་བདག་ཏུ་གཟུང་ནས་གཅེས་པར་འཛིན་པ་གོམས་པར་གྱིས་དང་གོམས་པ་མཐར་ཕྱིན་པར་འགྱུར་རོ། །"[]ཞེས་གསུངས་པ་ལྟར། གོམས་པའི་རིམ་པ་གསལ་པོར་བསྟན་པ་སྟེ། ཐོག་མར་གོམས་པར་བྱེད་དགོས་ལ། ཡུན་རིང་དུ་གོམས་པར་བྱས་ན་མཐར་ཕྱིན་པར་འགྱུར་བའི་འབྲས་བུ་ཐོབ་པར་ངེས་པ་ཡིན།

འབྲས་བུ།

[རྩོམ་སྒྲིག]

གོམས་པ་མཐར་ཕྱིན་ནས་"བདག་གཞན་བརྗེ་བ་ལ་དཀའ་ཚེགས་མེད་པ་སངས་རྒྱས་བྱང་སེམས་རྣམས་བཞིན་དུ་འགྱུར་བར་ངེས་སོ་"[]ཞེས་གསུངས་པ་ལྟར། གོམས་པའི་འབྲས་བུ་མཐའ་མ་སྟོན་པ་སྟེ། བདག་གཞན་བརྗེ་བ་བྱེད་པ་ལ་དཀའ་ཚེགས་གང་ཡང་མེད་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བཞིན་དུ་ལྷུན་གྱིས་གྲུབ་པར་འགྱུར་བའི་གོ་འཕང་ཐོབ་པར་ངེས་པ་ཡིན།
དེ་ཡང་དང་པོ་ནས་"འབད་རྩོལ་ལ་མི་ལྟོས་པར་དེ་ལ་ངང་གིས་འཇུག་པ་འོང་བས་དང་པོ་ནས་གོམས་པར་བྱ་བ་གལ་ཆེ་ཡི་"[]ཞེས་གསུངས་པ་ལྟར། གོམས་པ་མཐར་ཕྱིན་ན་འབད་རྩོལ་ལ་མི་ལྟོས་པར་རང་བཞིན་གྱིས་དེ་ལ་འཇུག་པ་འོང་བས། ཐོག་མ་ནས་གོམས་པར་བྱ་བ་གལ་ཆེ་ཡིན་པའི་རྒྱུ་མཚན་གསལ་པོར་བསྟན་པ་ཡིན།

བསྡུས་དོན།

[རྩོམ་སྒྲིག]

ངར་འཛིན་ནི་གཞན་གྱི་ཆ་ཤས་ལས་གྲུབ་པའི་ལུས་འདི་ལ་བདག་ཏུ་འཛིན་པ་ལྟར། བདག་གཞན་བརྗེ་བའི་ལམ་ནས་སེམས་ཅན་གཞན་ལའང་བདག་དང་མཚུངས་པར་གཅེས་པར་འཛིན་པའི་ལམ་གྱི་གཞི་རུ་གྱུར་པ་དང་། དེ་དང་འདྲ་ཡུནརིང་དུ་གོམས་པར་བྱས་ན་སངས་རྒྱས་བྱང་སེམས་རྣམས་ལྟར་གཞན་གྱི་དོན་ལ་སྙིང་རྗེའི་སེམས་སྐྱེ་བར་འགྱུར་བ་ཡིན།

ལུང་ཁུངས།

[རྩོམ་སྒྲིག]
  1. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  2. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  3. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  4. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  5. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  6. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  7. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།