Jump to content

ངན་སོང་གསུམ་

ཡོང་ཁུངས་Wikipedia

ངན་སོང་གསུམ།

[རྩོམ་སྒྲིག]

དམྱལ་བ། ཡི་དྭགས། དུད་འགྲོ་གསུམ་སྟེ། སངས་རྒྱས་ཆོས་ལུགས་ཀྱི་གཞུང་ནས་བཤད་ཚུལ་ལ། སྡིག་པ་མི་དགེ་བ་ཆེ་འབྲིང་ཆུང་གསུམ་བསགས་པ་ལ་བསྟེན་ནས་སྐྱེ་བ་ཕྱི་མའི་སྐྱེ་གནས་ངན་པར་སོང་བ་གསུམ་སྟེ། མི་དགེ་བ་ཆེན་པོ་བསགས་པས་དམྱལ་བ། འབྲིང་བསགས་པས་ཡི་དྭགས། ཆུང་ངུ་བསགས་པས་དུསདུ་འགྲོར་སྐྱེ་ཞེས་བཤད་སྲོལ་ཡོད། ཞིབ་པར་བཀའ་འགྱུར་ནང་གི《མདོ་སྡེ་དྲན་པ་ཉེར་བཞག》《མདོ་སྡེ་ལས་བརྒྱ་པ》《འདུལ་བ་ལུང》བཅས་ཀྱི་ནང་གསལ་བས་དེར་གཟིགས།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།