ངག་དབང་བསོད་ནམས་གྲགས་པ་རྒྱལ་མཚན་
ངག་དབང་བསོད་ནམས་གྲགས་པ་རྒྱལ་མཚན།
[རྩོམ་སྒྲིག]དཔལ་ལྡན་ས་སྐྱ་དགོན་གྱི་ཁྲི་པ་ཉེར་གསུམ་པ་འདི་ཉིད་རབ་བྱུང་བརྒྱད་པའི་ས་ལུག(༡༤༩༩)ལོར་ཡབ་ཀུན་དགའ་རིན་ཆེན་དང་ཡུམ་གདོང་དགའ་མ་བསོད་ནམས་ལེགས་འཛོམས་དཀར་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཅུ་གཅིག་པ་ས་སྦྲུལ་(༡༥༠༩)ལོར་སྤྱན་སྔ་ངག་དབང་ཆོས་གྲགས་ཀྱི་དྲུང་དུ་རབ་ཏུ་བྱུང་། དགུང་ལོ་བཅུ་གཉིས་བཞེས་པ་ལྕགས་རྟ(༡༥༡༠)ལོར་དཔལ་ས་སྐྱ་དགོན་གྱི་གདན་ཁྲིར་ཕེབས། དགུང་ན་ཆུང་ངུ་དེ་ཙམ་ནས་དགེ་འདུན་འདུས་པ་རྒྱ་མཚོར་ཐུབ་པ་དགོངས་གསལ་ཆེན་མོ་ཉིན་གསུམ་གྱི་བར་དུ་བསྩལ་བས་ཐམས་ཅད་ཡིད་དབང་འཕྲོག་པར་གྱུར། དགུང་ལོ་བཅུ་དགུ་པ་རབ་བྱུང་དགུ་པའི་མེ་གླང(༡༥༡༧)ལོར་ཆོས་རྗེ་ནམ་མཁའ་དབང་ཕྱུག་གིས་མཁན་པོ་མཛད་དེ་པཎ་ཆེན་ལུགས་ཀྱི་བསྙེན་རྗོགས་བཞེས། རབ་བྱུང་དགུ་པའི་ལྕགས་སྤྲེལ(༡༥༦༠)ལོར་རྩེ་གདོང་གི་གདན་སར་སྤྱན་དྲངས། ཡི་དམ་ལྷ་ཚོགས་ཀྱི་ཞལ་གཟིགས། དེ་ནས་རྗེ་ཉིད་དགུང་གྲངས་དྲུག་ཅུ་རེ་གསུམ་བཞེས་པ་རབ་བྱུང་དགུ་པའི་ལྕགས་བྱ(༡༥༦༡)ལོར་དགེ་སྡིང་ཆོས་ཀྱི་ཕོ་བྲང་དུ་ཕྱག་ཕེབས། ལོ་དེའི་བོད་ཟླ་དང་པོའི་ཚེས་བཅུའི་སྔ་དྲོར་གཟུགས་སྐུའི་བཀོད་པ་བསྡུ་བར་མཛད།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།