ང་

ཡོང་ཁུངས་Wikipedia

ང 1.བོད་ཡིག་གསལ་བྱེད་བཞི་པ་འདིའི་ང་རོ་འདོན་ཚུལ་ལ་སྐྱེ་གནས་མགྲིན་པ་སྣ་དང་བཅས་པ་དང༌། བྱེད་པ་མགྲིན་པ། ནང་གི་རྩོལ་བ་མགྲིན་པ་ནང་ཕྲད་དང༌། ཕྱིའི་རྩོལ་བ་སྲོག་ཆུང་སྒྲ་ལྡན། 2.མིང་གཞིའི་ཤིན་ཏུ་མོའི་ཡི་གེ་ཞིག 3.རྗེས་འཇུག་མོ་ཙམ་གྱི་ཡི་གེ་ཞིག 4.གྲངས་འབོར་ལྔ་བཅུ་དང་དེའི་གཅིག་གནས་རྣམས་ཀྱི་བར་དུ་འཇུག་རྒྱུའི་ཚིག་ཕྲད་ཅིག་སྟེ།

                  (དཔེར་ན།) ལྔ་བཅུ་ང་ལྔ། ལྔ་བཅུ་ང་དགུ་ལྟ་བུ།

5.(ཚབ་ཚིག) བདག་གམ་རང་ཉིད་ཀྱི་དོན་ལ་འཇུག་སྟེ།

                  (དཔེར་ན།) མི་རྒན་པོ་ང། ང་རང་བོད་ཀྱི་མི་ཡིན། ང་རང་རི་མོ་པ་ཞིག་ཡིན་ལྟ་བུ།
"https://bo.wikipedia.org/w/index.php?title=ང་&oldid=122782"ལས་སླར་རྙེད་སོང།