གླང་པོ་རིན་པོ་ཆེ་

ཡོང་ཁུངས་Wikipedia

རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱི་ཡ་གྱལ། གླང་བོ་རིན་པོ་ཆེ།

1.《གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ》ལས། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱི་ཡ་གྱལ། གླང་བོ་རིན་པོ་ཆེ། དེ་ཡང《དྲན་པ་ཉེར་བཞག》ལས། གླང་བོ་རིན་པོ་ཆེ་ནི་ཅང་ཤེས་བཀའ་ཉན་ལ། ཉིན་གཅིག་ལའང་འཛམ་གླིང་ལན་གསུམ་འཁོར་ཞིང་། རྒྱལ་པོས་ཞོན་པའི་ཚེ་གང་དུ་འཇུག་སྤྲོ་བ་དེར་བསྐུལ་མི་དགོས་པར་འགྲོ་བ། ཕ་རོལ་ལས་རྒྱལ་བར་བྱེད་པ་ཞེས་གསུངས་སོ། ། 2.《དུང་དཀར་ཚིག་མཛོད་ཆེན་མོ》ལས། གླང་པོ་རིན་པོ་ཆེ་ནི་ཐལ་དཀར་མཆེ་བ་དྲུག་དང་ལྡན་པ་སྤྱི་གཙུག་དམར་ཞིང་དཔངས་མཐོ་བ། ནོར་བུའི་དྲ་བས་གཡོགས་ཤིང་གླང་ཕལ་བ་སྟོང་གི་སྟོབས་མངའ་བ། ཤིན་ཏུ་མགྱོགས་ཁྱད་དང་ལྡན་པ་གླང་ཆེན་ས་སྲུང་གི་བུ་ལྟ་བུའོ། །