གྲོ་ལུང་པ
མཐོང་རིས་
གྲོ་ལུང་པ་ནི་བློ་ལྡན་ཤེས་རབ་ཀྱི་སློབ་མ་གྲགས་ཆེན་ཞིག་ཡིན་པ་རྣམ་ཐར་དུ་གསལ་ལ། རྔོག་ཁུ་དབོན་གཉིས་ལས་མདོ་སྔགས་ཀྱི་ཆོས་གསན་ཞིང་ཆུང་ངུ་དུས་ནས་ཇོ་བོ་རྗེའི་ཞབས་ལ་གཏུགས་པ་ཡོང་འཛིན་ཡེ་ཤེས་རྒྱལ་མཚན་གྱི་བཞེད། གྲོ་ལུང་པའི་བསྟན་རིམ་ (བསྟན་པ་ལ་འཇུག་པའི་རིམ་པ་རྣམ་པར་བཤད་པ) དེབ་ཟུགས་གླེགས་བམ་གསུམ་ཅན་ཨ་རི་ནས་དར་ཐང་སྤྲུལ་སྐུས་པར་བའི་དེབ་གསུམ་པའི་ནང་། (བསྟན་རིམ་ཆེན་མོའི་དོན་བསྡུ་)ཞེས་པ་གཅིག་ཀྱང་འདུག་པས་བསྟན་རིན་ཆེན་ཆུང་གཉིས་ ཞེས་པ་ཡང་དེ་གཉིས་ཡིན་ནམ་སྙམ་མོ།