གྲུབ་མཐའ་སྨྲ་བ་བཞི་ནི།

ཡོང་ཁུངས་Wikipedia

༡༽བྱེ་བྲག་སྨྲ་བ་ཞེས་པ་ནི། དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་སྨྲ་བའམ་བྱེ་བྲག་བཤད་མཛོད་ཆེན་མོའི་རྗེས་སུ་བྲངས་ནས་གྲུབ་མཐའ་སྨྲ་བས་ན་དེ་སྐད་ཅེས་བྱའོ།

༢༽མདོ་སྡེ་བ་ཞེས་པ་ནི། མདོའི་རྗེས་སུ་འབྲངས་ནས་གྲུབ་མཐའ་སྨྲ་བས་ན་དེ་སྐད་ཅེས་བྱའོ།

༣༽སེམས་ཙམ་པ་ཞེས་པ་ནི། ཆོས་ཐམས་ཅད་སེམས་ཀྱི་བདག་ཉིད་ཙམ་དུ་སྨྲ་བས་ན་དེ་སྐད་ཅེས་བྱའོ།

༤༽དབུ་མ་པ་ཞེས་པ་ནི། རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དབུས་ཁས་ལེན་པས་ན་དབུ་མ་པ།