Jump to content

གྲིབ་མ་

ཡོང་ཁུངས་Wikipedia

གྲིབ་མ་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མདོ་འགྲེལ་གྱི་ལུང་ཁག་ཏུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ངོ་བོ་གཅིག་པའི་ཚུལ་བསྟན་པའི་དཔེར་དྲངས་པའི་ཐ་སྙད་ཅིག་ཡིན། ལྷག་པར་དུ་སྦྱིན་པ་སོགས་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཟིན་པའི་ཚེ་རོ་གཅིག་ཏུ་འགྱུར་བའི་ཚུལ་གོ་བདེ་བར་སྟོན་པར་བྱེད།

སྒྲ་བཤད།

[རྩོམ་སྒྲིག]

གྲིབ་མ་ཞེས་པ་ནི་ཤིང་སོགས་ཀྱི་གྲིབ་མ་ལ་གོ་ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྟན་བཅོས་ཁག་ཏུ་ཕར་ཕྱིན་དྲུག་གི་མཚོན་དཔེ་ཞིག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཕར་ཕྱིན་གཞན་ལྔ་པོ་ཚུལ་གཅིག་ཏུ་བྱེད་ཚུལ་འགྲེལ་བཤད་བྱེད་སྐབས་བེད་སྤྱོད་གཏོང་གི་ཡོད།

ནང་དོན།

[རྩོམ་སྒྲིག]

གྲིབ་མ་ཞེས་པའི་དཔེས་ཤིང་སྣ་ཚོགས་པ་མང་པོ་ཡོད་ཀྱང་དེ་དག་གི་གྲིབ་མ་ལ་ཁྱད་པར་མེད་པ་བཞིན་དུ། ཕ་རོལ་ཏུ་ཕྱིན་པ་སོ་སོ་ཐ་དད་ཡོད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཟིན་ན་ཚུལ་གཅིག་ཏུ་འགྱུར་བའི་དོན་སྟོན། "འཛམ་བུའི་གླིང་འདིར་ཤིང་རྣམས་ནི་གྲངས་བྱེ་བ་སྟོང་ལ་སོགས་པ་དང་། དབྱིབས་དང་ཁ་དོག་རྣམ་པ་སྣ་ཚོགས་པ་རྣམ་པ་དུ་མ་གཟུགས་མང་བ་དེ་དག་གི་གྲིབ་མ་ལ་ཁྱད་པར་མེད་དེ། ཤིང་མི་འདྲ་ཡང་དེ་དག་གི་གྲིབ་མ་ལ་གྲིབ་མར་གྱུར་པ་ཞེས་བྱ་བའི་གྲངས་སུ་བརྗོད་པ་མ་གཏོགས་པར། གྲིབ་མ་ལ་ཤིང་ལྟར་དབྱིབས་དང་ཁ་དོག་སྣ་ཚོགས་མེད་ཅིང་བྱེ་བྲག་ཁྱད་པར་ཡོད་པ་མ་ཡིན་ནོ། །"[]ཞེས་གསུངས།

དཔེ་དོན་སྦྲེལ་བ།

[རྩོམ་སྒྲིག]

ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཚུལ་གཅིག་པའི་དཔེ། "དེ་བཞིན་དུ་རྒྱལ་བའི་ལམ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་ཀྱང་། དེ་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་ན་འདི་ཀུན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཉིད་ཐོབ་པར་འགྱུར་ཏེ།"[] ཞེས་པ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཟིན་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དེ་ཚང་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་པར་འགྱུར།

རོ་གཅིག་ཏུ་འགྱུར་བའི་ཚུལ། "ཕ་རོལ་ཏུ་ཕྱིན་པ་ཞེས་མིང་དུ་བརྗོད་དེ། སྣ་ཚོགས་པའི་ཁྱད་པར་སྤངས་ཏེ་ཚུལ་གཅིག་པས་རང་བཞིན་གཅིག་པར་འགྱུར་རོ། །"[]ཞེས་གསུངས་པ་ལྟར་ཕ་རོལ་ཏུ་ཕྱིན་པ་སོ་སོའི་ཁྱད་པར་སྤངས་ཏེ་རང་བཞིན་གཅིག་པར་འགྱུར།

གྲིབ་མའི་མཚན་ཉིད།

[རྩོམ་སྒྲིག]

"གྲིབ་མ་ཡིན་པ་ལ་ཤིང་བཞིན་དུ་མདོག་དང་དྲི་སོགས་སྣ་ཚོགས་མེད་ཅིང་། གྲིབ་མ་ཁོ་རང་གི་ངོས་ནས་ཤིང་སོ་སོའི་བྱེ་བྲག་བཞིན་དུ་ཡོད་པ་མ་ཡིན་ནོ། །"[]ཞེས་གསུངས་པ་ལྟར་གྲིབ་མ་ལ་ཤིང་དེ་དག་གི་ཁ་དོག་དང་དྲི་སོགས་ཀྱི་ཁྱད་པར་མེད།

དགོས་པ།

[རྩོམ་སྒྲིག]

"དཔེ་དེ་བཞིན་དུ་རྒྱལ་བའི་ཕར་ཕྱིན་དང་པོ་ལྔ་པོ་འདི་དག་ཀྱང་ངོ་བོ་དང་བྱེད་ལས་ཐ་དད་པ་ཡོད་ཀྱང་། ཤེར་ཕྱིན་འདིས་ཟིན་ན་ནི་ལྔ་པོ་དེས་ཀྱང་ཤེར་ཕྱིན་གྱི་མིང་ཉིད་འཐོབ་པར་འགྱུར་ཞིང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་ཕྱིར་དུ་ཡོངས་སུ་བསྔོས་པར་བྱས་ན། སངས་རྒྱས་ཀྱི་བྱང་ཆུབ་ཏུ་བགྲོད་པའི་ལམ་ཞེས་བྱ་བར་ཁྱད་པར་མེད་པར་ཕར་ཕྱིན་དྲུག་པོ་འདི་ཀུན་རོ་གཅིག་སྟེ་བྱེད་ལས་སམ་རང་བཞིན་གཅིག་པར་འགྱུར་རོ། །"[]ཞེས་གསུངས་པ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རོ་གཅིག་ཏུ་འགྱུར་བའི་ཚུལ་གསལ་བར་སྟོན་པ་ཡིན།

ལུང་ཁུངས།

[རྩོམ་སྒྲིག]
  1. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས། 17a
  2. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས། 26a
  3. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། 55
  4. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས། 26a
  5. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས། 17b