གྲངས་འཛིན་པར་ཆས་

ཡོང་ཁུངས་Wikipedia

གྲངས་འཛིན་པར་ཆས་ Digital Camera

གྲངས་འཛིན་པར་ཆས་ནི་གྲངས་འཛིན་པར་ལེན་འཕྲུལ་ཆས་ཀྱི་བསྡུས་མིང་ཡིན་ཞིང་། མིང་གཞན་ལ་ཨང་ཀིའི་རྣམ་པའི་པར་ཆས་ཀྱང་ཟེར། གྲངས་འཛིན་པར་ཆས་ནི་གློག་རྡུལ་ཚོར་སྐྱེལ་ཆས་བེད་སྤྱོད་བྱས་ཏེ་འོད་རིག་པའི་གཟུགས་བརྙན་གློག་རྡུལ་གཞི་གྲངས་ལ་བརྗེ་བསྒྱུར་བྱས་པའི་པར་ལེན་འཕྲུལ་ཆས་ལ་ཟེར་བ་ཡིན།

རིགས་དབྱེ།[རྩོམ་སྒྲིག]

1.རྐྱང་ལྡོག་པར་ཆས། 2.ཕྲ་རྐྱང་པར་ཆས། 3.བྱང་ལྷེབ་པར་ཆས། 4.པར་ཆས་མཆུ་རིང་། གཞི་གྲངས་གསོག་འཇོག གྲངས་འཛིན་པར་ཆས་ཀྱི་སྒྲ་བརྙན་གསོག་འཇོག་རྣམ་གཞག་ལ་ཕལ་ཆེར་གཤམ་གྱི་ཕྱོགས་འགའ་ཡོད་དེ། 1.AVI རྒྱ་སྐྱེད་མིང་ནི.AVIཡིན་པའི་སྒྲ་བརྙན་རྣམ་གཞག ཆེས་ཐོག་མར་ཁྱལ་གདལ་དུ་སོང་བའི་ཚད་གཞིའི་གྲས་ཤིག་ཡིན་པར་བཤད་ལ། AVIརྣམ་གཞག་གནོན་སྐྱུང་སྒྲིག་གཅོད་བྱས་མེད་པའི་རྐྱེན་གྱིས། སྐར་ཆ་བཅུ་ཙམ་གྱིAVIསྒྲ་བརྙན་ཡིག་ཚགས་ལ5-8MBཅན་གྱི་གསོག་འཇོག་བར་སྟོང་དགོས་པ་རེད། གནས་བབ་གཞིགས་ཚེ། MicroSoft Mediea Player 8.0ནི་ད་གཟོད་འཆམ་མཐུན་ཚད་ཆེས་ལེགས་པའིAVIསྒྲ་བརྙན་གཏོང་བྱེད་ཀྱི་མཉེན་ཆས་ཤིག་ཡིན་པ་དང་། མིག་སྔར་ཆེས་རྒྱུན་མཐོང་ཡིན་པའི་འགུལ་རྣམ་བརྙན་རིས་རྣམ་གཞག་ཅིག་ཡིན་པ་རེད། 2. MOV MOVནི་མིག་སྔར་གྲངས་འཛིན་པར་ཆས་བཟོ་གྲྭ་མང་པོས་བེད་སྤྱོད་བྱེད་བཞིན་པའི་འགུལ་རིས་རྣམ་གཞག་གི་གྲས་ཤིག་ཡིན། 3. Motion JPEG – AVI JPEGལ་བེད་སྤྱོད་བྱས་ཡོད་པ་ནི་ཚོན་ཡོངས་གཟུགས་བརྙན་ཚད་གཞི་ཡིན་པས། ཁྱད་ཆོས་ཅན་གྱི་རྣལ་ཉམས་གནོན་སྐྱུང་ལག་རྩལDCTསྤྱད་དེ། གཟུགས་བརྙན་རྒྱུ་ཆའི་ཁྲོད་ཀྱི་གཙོ་བོ་མ་ཡིན་པའི་ཁག་དོར་ནས། ཕན་ནུས་ལྡན་པའི་སྒོ་ནས་ཡིག་ཚགས་ཆེ་ཆུང་ཉུང་འཕྲི་བྱས་ཡོད། 4. RM RealVideoནིRealNetworksཡིས་ཆེད་དུ་དྲ་རྒྱའི་སྒྲ་བརྙན་ལ་གསར་སྤེལ་བྱས་པའི་དུས་ཐོག་སྒྲ་བརྙན་གཏོང་ཆས་ཀྱི་མཉེན་ཆས་ཡིན་ལ། དྲ་ངོས་ཇུས་འགོད་པས་དྲ་རྒྱའི་སྟེང་དུས་ཐོག་སྒྲ་བརྙན་ལེ་ཚན་འདོན་སྤྲོད་བྱས་ཆོག་པ་རེད། 5.GIFའགུལ་རིས་རྣམ་གཞག GIFནི་ནན་བཤད་བྱས་ཚེ། དེ་ནི་འགུལ་རྣམ་པར་རིས་འགྲེམས་སྟོན་རྣམ་གཞག་ཙམ་ཡིན་ལ། 256ཁ་དོག་མཚོན་རིམ་ཙམ་ལ་རམ་འདེགས་བྱེད་པ་ཡིན། སྒྲ་ཕབ་ལེན་མི་ཐུབ། ཚད་ལྡན་ཚད་གཞི་ནི་ད་དུངGIF87aདངGIF89aརིགས་གཉིས་སུ་དབྱེ་ཡོད་པ་དང་། GIF89aལ་ད་གཟོད་དྭངས་གསལ་གྱི་རྒྱབ་ལྗོངས་དང་འགུལ་རིས་སྟོན་པའི་ནུས་པ་ལྡན། གྲངས་འཛིན་པར་ཆས་ཀྱི་བེད་སྤྱོད་སྟེང་། SONYབཟོ་གྲྭ་གཅིག་པུས་ད་གཟོད་ཐད་ཀརGIF CLIPབཟོ་ཆོག

ལེགས་ཆ།[རྩོམ་སྒྲིག]

1. པར་བླངས་རྗེས་མྱུར་མོར་འདྲ་པར་ལ་བལྟ་ཐུབ། དེ་བས་བློར་མི་འབབ་པའི་བརྩམས་ཆོས་ཡང་བསྐྱར་པར་ལེན་ཆོག་པའི་རང་བཞིན་འདོན་སྤྲོད་བྱས་ཏེ། རང་ཉིད་ཀྱི་མོས་འདུན་སྐོང་ཐུབ། 2.བཀྲུ་འདོད་པའི་འདྲ་པར་དག་ལ་གླ་དངུལ་སྤྲད་པས་ཆོག་ལ། གཞན་པའི་དགོས་མཁོ་མེད་པའི་འདྲ་པར་དག་བསུབ་ཆོག་པ་ཡིན། 3.ཚོན་མདངས་སོར་ཆུད་དང་ཚོན་མདངས་ཀྱི་ཁྱབ་ཁོངས་ནི་སྤྱིན་ཤོག་གི་སྤུས་ཚད་ལ་བརྟེན་མེད། 4.འོད་ཚོར་ཚད་ཀྱང་སྤྱིན་ཤོག་གི་དབང་གིས་བརྟན་བརླིང་མིན་པ་ཞིག་མ་ཡིན་པར། འོད་གློག་ཉིང་ལྷེབ་བརྗེ་སྤོར་གྱིས་འོད་ཚོར་ཚད་ཀྱི་གདམ་ཀ་རིགས་མང་པོ་འདོན་སྤྲོད་བྱས་ཡོད། 5.ཐོན་རྫས་ཀྱི་གྲུབ་ཚུལ་ལྟོས་བཅས་ཀྱིས་སྟབས་བདེ་ཡིན་པས། ཕྱི་ཚུལ་སྔར་ལས་ལེགས་ཤིང་། ཐོན་རྫས་ཉིན་རེ་ནས་ཉིན་རེར་འཁྱེར་བདེ་པོ་ཡོང་བཞིན་ཡོད་པ་རེད། 6.གྲངས་འཛིན་པར་ཆས་ཀྱི་བཀོལ་སྤྱོད་སྟབས་བདེ་ཞིང་ཚེགས་ཆུང་ལ། བེད་སྤྱོད་བྱེད་སླ་བ་ཡིན།

ཞན་ཆ།[རྩོམ་སྒྲིག]

1.བརྙན་གྲུབ་ལྷུ་ལག་དང་བརྙན་རིས་སྒྲིག་གཅོད་ཉིང་ལྷེབ་ཀྱི་བརྗེ་སྤོར་བརྒྱུད་པར་བརྟེན། བརྙན་གྲུབ་སྤུས་ཚད་འོད་རིག་པའི་པར་ཆས་དང་བསྡུར་ཚེ་བང་རིམ་གྱི་ཚོར་སྣང་མི་ལྡན་པ་རེད། 2.བཟོ་གྲྭ་སོ་སོའི་བརྙན་རིས་སྒྲིག་གཅོད་ཉིང་ལྷེབ་ཀྱི་ལག་རྩལ་མི་མཚུངས་པའི་དབང་གིས། བརྙན་གྲུབ་འདྲ་པར་གྱིས་མཚོན་པའི་མཚོན་མདོག་དོན་དངོས་དངོས་གཟུགས་དང་མི་འདྲ་བའི་ཁྱད་པར་ཡོད་པ་རེད། 3.རང་རྒྱལ་ལ་སྲོག་ཤིང་ལག་རྩལ་དཀོན་པས། མཐའ་མའི་བེད་སྤྱོད་ཉམས་གསོའི་མ་གནས་ཅུང་མཐོ་བ་རེད།