གྲངས་གནས་དྲུག་ཅུ་
མཐོང་རིས་
གྲངས་གནས་ཀྱི་མིང་དྲུག་ཅུ་ཡོད་དེ། ༡) གཅིག ༢) བཅུ། ༣) བརྒྱ། ༤) སྟོང་། ༥) ཁྲི། ༦) འབུམ་ ༧) ས་ཡ། ༨) བྱེ་བ། ༩) དུང་ཕྱུར་ཏེ་དགུ་པོ་རེ་རེ་ནས་བརྩིས་པས་རྐྱང་བའི་གྲངས་གནས་དགུ་དང་། ༡༠/༡༡) ཐེར་འབུམ། ༡༢/༡༣) ཁྲག་ཁྲིག ༡༤/༡༥) རབ་བཀྲམ། ༡༦/༡༧) གཏམས། ༡༨/༡༩) དཀྲིགས། ༢༠/༢༡) མི་འཁྲུགས། ༢༢/༢༣) ཁྱད་འབྱིན། ༢༤/༢༥) སྤང་རྟེན། ༢༦/༢༧) དེད་འདྲེན། ༢༨/༢༩) མཐའ་སྣང་། ༣༠/༣༡) རྒྱུ་རིག ༣༢/༣༣) འོད་མཛེས། ༣༤/༣༥) དབང་པོ། ༣༦/༣༧) ལེགས་འབྱིན། ༣༨/༣༩) རྟོགས་འགྲོ། ༤༠/༤༡) འབྱིང་རྡུལ། ༤༢/༤༣) རྒྱ་རྟགས། ༤༤/༤༥) སྟོབས་འཁོར། ༤༦/༤༧) བརྡ་ཤེས། ༤༨/༤༩) རྣམ་བྱུང་། ༥༠/༥༡) སྟོབས་མིག ༥༢/༥༣) བྱམས་པ། ༥༤/༥༥) སྙིང་རྗེ། ༥༦/༥༧) དགའ་བ། ༥༨/༥༩) བཏང་སྙོམས་ཏེ་ཉེར་ལྔ་པོ་ཆེན་པོ་དང་བཅས་གཉིས་རེ་བརྩིས་པས་ལྔ་བཅུ་དང་དེའི་སྟེང་དུ། ༦༠) གྲངས་མེད་ཐ་མ་སྟེ་གཅིག་བསྣན་པས་དྲུག་ཅུའོ།།