གེར་མཛོ་ཀླུ་རྒྱལ་

ཡོང་ཁུངས་Wikipedia

གེར་མཛོ་ཀླུ་རྒྱལ། མིང་གི་རྣམ་གྲངས་ལ། ཕྱུག་པོ་ཀླུ་རྒྱལ་དང་། གེར་མཛོ་ཀླུ་རྒྱལ། སྒེས་རྫོ་ཀླུ་རྒྱལ་སོགས་ཟེར། ནང་ཆེན་ཀ་གཞུང་ཡུལ་ཚོའི་ས་རུ་ཡོད་པའི་རི་གྲགས་ཅན་ཞིག གླིང་གི་བླ་མ་བྱང་ཆུབ་འདྲེ་བཀོལ་དང་། གེར་སར་གཉིས་ཐོག་མའི་འཇལ་འཕྲད་བྱེད་སའི་གནས། རི་བོ་རྩེ་མོ་བྲག་གིས་པན་ཞྭ་ལྟར་རྩེ་མོ་སྣ་ཚོགས་དགུང་དུ་ཟུང་ཞིང་། རི་རྐེད་སྤང་ལྗོངས། རི་མཐའ་ཚང་ཚིང་ནགས་ཀྱི་རྒྱན་པ་ཞིག་ཡིན། མཚོ་ངོས་ཀྱི་མཐོ་ཚད། ༥༤༤༠ལྷག་ཡོད། རི་དེའི་མགུལ་དུ་གེར་མཛོ་མཚོ་ཞེས་གཡུ་ིདཀར་མེ་ལོང་ས་རུ་ལྷུང་འདྲའི་མཚེའུ་ཞིག་ཡོད།