Jump to content

གུར་འབུམ།

ཡོང་ཁུངས་Wikipedia

ཕྱི་ལོ་༡༨༥༠ལོའི་ནང་སྐྱེས་པའི་གུར་འབུམ་དགྲ་འདུལ་གྱི་བུ་པད་མ་གཡུལ་རྒྱལ་ལམ་མིང་གཞན་ཨུ་ཅིག་ཟེར་བ་དེ་རང་ལོ་བཅུ་བདུན་བཅོ་བརྒྱད་ནས་དགྲ་རྒྱག་གྱོད་གཏུག་གི་ལས་ཐེ་ཇུས་བྱེད་པར་དགའ་བ་དང་ལྟོ་གོས་ཀྱི་ཕོངས་པའི་མི་ལ་རོགས་ཕན་བྱེད་འདོད་ཆེ་ཞིང་དབང་ཆ་དང་སྟོབས་ཤུགས་ཀྱིས་གཞན་གནོན་བྱེད་མཁན་ལ་སྡང་སེམས་ཆེ་བ་བཅས་ཀྱི་ཁྱད་ཆོས་ཡོད་པའི་མི་ཞིག་ཡིན།  ནར་སོན་པ་དང་ཕྱི་ནང་གང་སར་སྙན་གྲགས་ཆེ་ཙམ་བྱུང་།  རང་ལོ་གསུམ་ཅུའི་སྐོར་གྱི་དུས་མདོ་སྨད་ཀྱི་བེ་ཧུ་དབང་ཆེན་མགོན་པོ་དང་འགྲིག་མིན་བྱུང་ཏེ།  མདོ་སྨད་བེ་ཧུ་དབང་ཆེན་མགོན་པོའི་སྲས་པོས་དམག་དཔོན་བྱས་པའི་དགེ་རྒྱས་ཤོག་དམག་དང་ཨ་མདོའི་གུར་འབུམ་པད་མ་གཡུལ་རྒྱལ་གྱིས་གཙོས་པའི་དམག་གཉིས་ཛི་མིན་གོང་ཁ་རུ་འཐབ་འཛིང་བྱས།  རྒྱལ་ཁ་ཨ་མདོ་གུར་འབུམ་པད་མ་གཡུལ་རྒྱལ་གྱི་དམག་ལ་ཐོབ།   དགེ་རྒྱས་དམག་ཕམ་ནས་བྲོས་ཕྱིན།དམག་འཁྲུག་དེར་མང་ཚོགས་ཚོས་གཏམ་དཔེ་ཞིག་བརྩམས་ཡོད་དེ།   ཕྱི་དབང་ཆེན་མགོན་པོའི་ཕ་དམག་དེ།  མུག་གཞུང་རྐྱང་ལས་གྱོང་གི་གདའ།  རྒྱལ་སྲས་བྲོས་སོང་།  རྐྱང་སྐྱིད་ཤི་སོང་།  དམ་དམར་ལྷུང་སོང་།  ཞེས་པའོ། དེ་མཚུངས་པད་མ་གཡུལ་རྒྱལ་གྱིས་གདོང་ལེན་བྱས་པའམ་འགོ་བྱས་པའི་བྱ་བ་ཚང་མ་ལམ་ལྷོངས་ཡོང་གི་ཡོད་པར་བརྟེན་མང་ཚོགས་ཚོས་གུར་འབུམ་པད་མ་གཡུལ་རྒྱལ་ནི།  ཕྱི་དགྲ་རྡུང་གི་ཐོ་བ།  ནང་ནོམ་གཅོད་པའི་ལྦེར་མ།  དུས་རྒྱུན་དུ་ཉམ་ཆུང་གི་ཕ་མ་རེད།  ཅེས་གླེང་བའི་སྙན་གྲགས་བྱུང་།   གུར་འབུམ་པད་མ་གཡུལ་ཨམ་སྟོད་ཀྱི་དཔོན་མིང་ཁུར་མྱོང་མེད་རུང་། དབང་ཚད་དཔོན་ལས་མི་ཞན་ཁར་ཨམ་ཤོག་བརྒྱད་སྤྱི་དང་གཞན་ཤོག་གི་མཐོང་བརྩི་ཨམ་དཔོན་ལས་ཆེ་བ་ཡོད་ཅིང་སྐབས་ཤིག་ཨ་མདོའི་འབྲོག་གླུའི་ནང་ལའང་།  གནམ་ཨ་སྔོན་ཨ་མདོ་སྟོད་མ་རེད།  འབྲུག་ཕོ་གདོང་པད་མ་གཡུལ་རྒྱལ་རེད།  ཆར་སིལ་མ་རྒན་པོ་སྤོས་ཕྲུག་རེད།  ཟེར་གྱི་ཡོད་དོ།།

གཤམ་དུ་གུར་འབུམ་རུས་རྒྱུད་མིང་ཐོ་ཁ་ཤས།

གུར་འབུམ་དགྲ་འདུལ།

གུར་འབུམ་པདྨ་གཡུལ་རྒྱལ།༼ཨུ་ཅིག༽

ཤར་གླིང་གུར་འབུམའཁོར་མོ།

གུར་འབུམ་གཡུང་རྣམ།༼ཇག་པའོ་བསད།༽

གུར་འབུམ་རི་རྒོད།

གུར་འབུམ་ཚེ་ལོ།

གུར་འབུམ་བྱང་སྡིས།

གུར་འབུམ་མ་ནག་རིས།

གུར་འབུམ་མོ་ཡུ།

གུར་འབུམ་འབེ་འདུལ།

གུར་འབུམ་ཨུ་རྒྱན།

གུར་འབུམ་རྒྱ་འབྲོང་།

གུར་འབུམ་ཉི་རྒྱལ།

གུར་འབུམ་ཐོག་རྒྱལ།

གུར་འབུམ་པདྨ་རྒྱལ་པོ།

གུར་འབུམ་བསོད་ནམས་རྒྱ་མཚོ།

གུར་འབུམ་འཕྲིན་ལས་རྒྱ་མཚོ།

གུར་འབུམ་ཡོན་ཏན་རྒྱ་མཚོ།

གུར་འབུམ་དགྲ་འདུལ་གྱི་བུ་གུར་འབུམ་པདྨ་གཡུལ་རྒྱལ་གྱི་བུ་གུར་འབུམ་ཚེ་ལོ།