Jump to content

གསེར་སྦྱངས་བཙོ་མ་

ཡོང་ཁུངས་Wikipedia

གསེར་སྦྱངས་བཙོ་མ་ནི་བོད་ཀྱི་ནང་པའི་ཆོས་ཀྱི་རིག་གནས་ནང་དུ་གསེར་གྱི་དཔེ་མཚོན་བརྗོད་སྦྱོར་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུ་གཟུགས་ཡིན་ཅིང་མཆོད་རྟེན་གྱི་སྐབས་སུ་གསེར་འདྲ་བའི་མདོག་ལྡན་ཞིང་འོད་ལྡན་པའི་སྐུ་ལ་བྱུག་པ་དང་བསྐུ་བར་བྱེད་པའི་དྲི་བཟང་པོའི་ཆ་ལ་ཟེར་བ་ཞིག་ཡིན།

ནང་དོན།

[རྩོམ་སྒྲིག]

གསེར་སྦྱངས་བཙོ་མ། ཞེས་པ་ནི་གསེར་གྱི་སྦྱངས་བཙོ་མ་ཞེས་པའི་དོན་ཡིན། མཛོད་ལས་གསུངས་པ་ལྟར་ན། གླིང་བཞི་པ་དང་ཉི་ཟླ་དང༌། །རི་རབ་དང་ནི་འདོད་ལྷ་དང༌། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་མོ། །ཞེས་གསུངས་པ་ལྟར་སྟོང་གསུམ་གྱི་འཇིག་རྟེན་ཀུན་ཏུ་ཁྱབ་པའི་དྲི་བཟང་པོ་རྣམས་ཀྱིས་ཐུབ་པའི་དབང་པོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཀུན་གྱི་སྐུ་ལུས་ལ་བྱུག་པར་བྱེད་པ་ཡིན། སྦྱངས་པའི་ཚུལ། ནི་"སྐྱུ་རུ་ར་ལན་ཚ་བུལ་ཏོག་ལ་སོགས་པའི་ཆུས་ཕྱིའི་དྲི་མ་སྦྱངས་ཤིང༌། སའི་སྐོན་བུ་ཁ་སྦྱར་དུ་བཅུག་ནས་མེར་རིང་དུ་བསྲེགས་པ་ལ་སོགས་པས་ནང་གི་དྲི་མ་སྦྱངས་པས་བཙོ་མ། རོ་ཙན་ལ་སོགས་པའི་ནོར་བུས་བྱི་བདར་ཡང་ཡང་བྱས་ནས་བྱི་དོར་ལེགས་པར་བྱས་པ་ལྟར་འོད་རབ་ཏུ་གསལ་བའི་མདངས་ཆགས་ཤིང་ཕྱི་རོལ་དུ་འོད་འབར་ཞིང་འཕྲོ་བ་དེ་དག་ལ་བྱུག་པའམ་བསྐུས་ཏེ་མཆོད་པར་བགྱིའོ། །"[]ཞེས་གསུངས་པ་ལྟར་ཡིན། གསེར་གྱི་ཁྱད་པར། ལ་ཕྱི་ནས་"བུལ་ཏོག་དང་། སྐྱུ་རུ་ར་དང་། ལན་ཚྭ་ལ་སོགས་པས་ཕྱིའི་དྲི་མ་བཀྲུས་པའོ། །"[]ནས་ནང་དུ་"ཁ་སྦྱར་དུ་བསྐོལ་བ་ལ་སོགས་པས་ནང་གི་དྲི་མ་ཡོངས་སུ་སྦྱངས་པའོ། །"[]དང་། "རོ་ཙ་ན་ལ་སོགས་པའི་ནོར་བུས་ཕྱི་བདར་བྱས་པའོ། །"[]ཞེས་གསུངས་པ་ལྟར་ཡིན། མཆོད་པའི་ཚུལ། ནི་"རིན་པོ་ཆེའི་སྣོད་དུང་ཕོར་དང་ཉ་ཕྱིའི་ལ་སོགས་བཀང་བ་དེ་མཆོད་ལྷ་རྣམས་ཀྱིས་ཐུབ་པའི་དབང་པོ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན་གྱི་སྐུ་གསེར་བཟང་པོ་ལན་གྲངས་བཅུ་དྲུག་གི་བར་དུ་ལེགས་པར་བཞུ་བཏུལ་གྱིས་སྦྱངས་ཏེ་བཙོ་མ་སྟེ་ཤིན་ཏུ་དག་པ་སྨན་སྣ་ཚོགས་ཀྱིས་མདངས་བཏོན་ཅིང་དར་གོས་ཀྱིས་བྱི་དོར་བྱས་པ་ལྟར་འོད་རང་ངོར་ཆགས་ཤིང་གཞན་ངོར་འཕྲོ་བས་འབར་བ་དེ་དག་ལ་རྡུལ་མི་འབྱུང་བའི་ཆེད་དུ་བྱུགས་པར་བགྱིའོ། །"[]ཞེས་གསུངས་པ་ལྟར་ཡིན། དམིགས་ཡུལ། ནི་"སྟོང་གསུམ་ཀུན་ཏུ་དྲི་ཞིམ་པོའི་ངད་ལྡང་བའི་དྲི་མཆོག་རྣམས་ཀྱིས་ཐུབ་དབང་ཀུན་གྱི་སྐུ་གསེར་དྲི་མ་སྦྱངས་པའི་གཙོ་མ་བྱི་དོར་ལེགས་པར་བྱས་པ་བཞིན་དུ་འོད་ཆགས་ཤིང་འབར་བའི་སྐུ་དེ་དག་བྱུག་པར་བགྱིའོ། །"[]ཞེས་གསུངས་པ་ལྟར་ཡིན། ཕན་ཡོན། ལ་"རང་གཞན་སེམས་ཅན་ཐམས་ཅད་ཀྱི་པགས་པ་གསེར་མདོག་ལྟ་བུའི་མཚན་བཟང་ཐོབ་པར་ཤོག"[] ཅེས་གསུངས་པ་ལྟར་ཡིན།

བསྡུས་དོན།

[རྩོམ་སྒྲིག]

གསེར་སྦྱངས་བཙོ་མ། ཞེས་པ་ནི་གསེར་གྱི་དཔེ་མཚོན་བརྗོད་སྦྱོར་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུ་གཟུགས་ལ་བྱུག་པའི་དྲི་བཟང་པོའི་ཆ་ལ་ཟེར་བ་ཞིག་ཡིན། དེ་ནི་ཕྱིའི་དྲི་མ་སྦྱངས་ཤིང་ནང་གི་དྲི་མ་སྦྱངས་ཏེ་བྱི་དོར་ལེགས་པར་བྱས་པའི་གསེར་འདྲ་བར་འོད་ཆགས་ཤིང་འབར་བའི་སྐུ་ལ་བྱུག་པའི་ཆ་ལ་ཟེར། སྟོང་གསུམ་གྱི་འཇིག་རྟེན་ཁྱབ་པའི་དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ་ལ་བྱུག་པའི་མཆོད་པ་ཡིན།

ལུང་ཁུངས།

[རྩོམ་སྒྲིག]
  1. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  2. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  3. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  4. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  5. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  6. རྒྱལ་ཚབ་དར་མ་རིན་ཆེན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  7. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།