གསེར་སྐྱེམས་
མཐོང་རིས་
འདི་ལ་འགའ་ཞིག་གིས་ཆང་གི་ནང་དུ་གསེར་བླུགས་པ་ཞིག་ཡིན་ཟེར་བ་ཡོད་ཀྱང་དེ་ལྟར་མིན་། གསེར་སྐྱེམས་ནི་ཞལ་སྐྱེམས་ཞེས་པའི་དོན་ཏེ་། རྒྱལ་པོའི་ཞལ་ལ་གསེར་ཞལ་དང་། བཀའ་ཡིག་ལ་གསེར་ཡིག་ཅེས་འབོད་པ་ལྟ་བུའི་ཞེ་སའི་ཚིག་ཡིན་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།