གསེར་རླབས་དགོན་

ཡོང་ཁུངས་Wikipedia

གསེར་རླབས་དགོན་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཝུན་ཁྲོན་རྫོང་ཚའོ་ཕའོ་ཡུལ་ཚོ་རུ་ཡོད།

གསེར་རླབས་དགོན་ནི་རྫོང་མཁར་གྱི་ནུབ་ལྷོ་ཕྱོགས་ཚའོ་ཕའོ་ཡུལ་ཚོའི་རི་མགོ་ན་ཆགས་ཡོད། ཝུན་ཁྲོན་རྫོང་མཁར་ནས་སྤྱི་ལེ37ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1350ཡིན། གསེར་རླབས་དགོན་ནི་མིང་རྒྱལ་རབས་ཀྱི་སྐབས་ཏེ་སྤྱི་ལོ1628ལོར་བསྐྲུན་པ་དང་། སྤྱི་ལོ1736ལོར་བསྐྱར་བསྐྲུན་བྱས་པ་རེད། དགོན་པ་འདི་ནི་མིང་རྒྱལ་རབས་ཀྱི་ཀྲེན་ཐུང་གི་སྐབས་བོད་ཀྱི་དམག་དཔུང་ཝུན་ཁྲོན་དུ་བསྐྱོད་རྗེས། མདོ་ལི་ས་ཆའི་ཚའོ་ཕོ་ཡུལ་ཚོའི་རི་མགོར་བསྐྲུན་པ་རེད། “རིག་གནས་གསར་བརྗེ་ཆེན་པོའི”སྐབས་སུ་བརླགས་ཀྱང་། རྗེས་ནས་སླར་གསོ་བྱས།