Jump to content

གསེར་ཡིག་པ་

ཡོང་ཁུངས་Wikipedia

རྒྱལ་པོས་བཏང་བའི་བཀའ་ཡིག་ལ་གསེར་ཡིག་ལ་ཟེར་ཞིང་། གསེར་དང་འདྲ་བར་རིན་ཐང་ཆེ་ཞིང་དཀོན་པ་ཡིན་པའི་དོན་དང་། བཀའ་ཡིག་ཁྱེར་བའི་མི་དེ་ལ་གསེར་ཡིག་པ་ཟེར་། གསེར་ཡིག་པ་ལ་དམིགས་བསལ་གྱི་དབང་ཆ་ཆེན་པོ་ཡོད་པ་དང་རྒྱལ་པོ་དང་ཐད་ཀར་ངོ་ཕྲད་ཀྱིས་སྐད་ཆ་གང་བྱུང་ཤོད་ཀྱི་ཡོད་སྐབས་། གསེར་ཡིག་པ་ས་གནས་གང་དུ་སླེབས་ཀྱང་བརྩི་བཀུར་དང་། སྣེ་ལེན་ཕུན་སུམ་ཚོགས་པ་མི་བྱེད་ཀ་མེད་ཡོང་གི་ཡོད་། སྤྱིར་བཏང་གོང་མས་ས་གནས་གཞན་ལ་བཏང་བའི་མཚམས་འདྲིའི་ཡི་གེ་འཁྱེར་མི་ལ་གསེར་ཡིག་པ་ཟེར་བའི་སྲོལ་དེ་ནི་ཡོན་རྒྱལ་རབས་ནས་འགོ་ཚུགས་པ་ཡིན་། སྐབས་རེ་རྒྱལ་པོའི་མདུན་གྱི་དྲུང་ཡིག་པ་ལའང་གསེར་ཡིག་པ་ཞེས་འབོད་སྲོལ་ཡོད་པ་སྐབས་དང་སྦྱར་ཤེས་པ་དགོས་སོ་།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།