Jump to content

གསེར་བཟོ་

ཡོང་ཁུངས་Wikipedia

གསེར་བཞུ་བཏུལ་བྱས་ཏེ་བརྡུང་བ་དང་། དཀྲོལ་ཚགས་རྒྱག་པ་། ལུགས་སུ་བླུགས་པ་སོགས་ཀྱི་བཟོ་རྩལ་ལ་ཟེར་། ད་ཡོད་ཀྱི་དཔྱད་གཞིའི་ཡིག་ཆའི་ནང་། སྤྱི་ལོའི་དུས་རབས་དང་པོའི་ཡས་མས་སུ་རྒྱལ་པོ་པུ་དེ་གུང་རྒྱལ་གྱིས་སྲིད་དབང་བཟུང་སྐབས་ཤིང་བསྲེགས་ནས་སོལ་བ་བཟོས་པ་དང་པོའི་ཡས་མས་སུ་རྒྱལ་པོ་པུ་དེ་གུང་རྒྱལ་གྱིས་སྲིད་དབང་བཟུང་སྐབས་ཤིང་བསྲེགས་ནས་སོལ་བ་བཟོས་པ་དང་། དེའི་སྐབས་གསེར་དངུལ་ཟངས་ལྕགས་རྣམས་བཞུ་བཏུལ་བྱས་པའི་ལག་རྩལ་ཐོག་མར་བྱུང་བར་བཤད་ཅིང་། རྒྱ་ཡིག་གི་ལོ་རྒྱུས་《ཐང་དེབ་བོད་ཀྱི་ལོ་རྒྱུས་》ཞེས་པའི་ནང་རྒྱ་བོད་འབྲེལ་བའི་སྐོར་གྱི་ལོ་རྒྱུས་མང་པོ་བཤད་ཡོད་པའི་ནང་། རྒྱལ་པོ་སྲོང་བཙན་སྒམ་པོས་བློན་པོ་མགར་བ་སྟོང་བཙན་ལ་གསེར་སྲང་སྟོང་ཚོ་ལྔ་བསྐུར་ནས་རྒྱ་བཟའ་ཀོང་ཇོ་བཙན་མོར་སློང་བ་མངགས་པ་དང་། ཐང་ཐས་ཛུང་གིས་ཤར་ཕྱོགས་ཀོའི་ཧའི་རྒྱལ་ཁབ་ལ་དམག་དྲངས་ནས་རྒྱལ་ཁ་ཐོབ་པའི་རྟེན་འབྲེལ་དུ་སྲོང་བཙན་སྒམ་པོས་གསེར་བཟོ་ལས་བཟོས་པའི་བྱ་ངང་པའི་གཟུགས་ནང་དུ་ཆང་བླུགས་པ་ཞིག་བློན་པོ་མགར་སྟོང་བཙན་ལ་བསྐུར་ནས་བཀྲ་ཤིས་བདེ་ལེགས་ཞུ་བར་མངགས་པ་སོགས་འཁོད་པ་དང་། བོད་ཡིག་གི་ལོ་རྒྱུས་མང་པོའི་ནང་། རྒྱལ་པོ་སྲོང་བཙན་སྒམ་པོའིདུསདགུང་བློན་ཆུང་བ་དང་། ནང་བློན་འབྲིང་བ་། བཀའ་བློན་ཆེ་བ་གསུམ་ལ་གསེར་གྱི་བྱང་བུ་ཆེན་པོའི་ཡི་གེ་དང་། ནང་བློན་ཆུང་བ་དང་། བཀའ་བློན་འབྲིང་བ་ལ་གསེར་གྱི་བྱང་བུ་ཆུང་བའི་ཡི་གེ་བཅས་བྱ་དགར་གནང་བར་བཤད་པ་བཅས་དུས་སྐབས་དེ་ནས་བཟུང་བོད་ཀྱི་མིས་གསེར་བཟོའི་ལག་རྩལ་ཆུ་ཚད་མཐོ་ཙམ་བཟོ་ཐུབ་པར་ར་སྤྲོད་བྱེད་ཐུབ་། གསེར་གདུང་འཛམ་གླིང་རྒྱན་གཅིག་བཞེངས་སྐབས་བོད་དང་བལ་པོའི་ལྷ་བཟོ་བ་མཁས་པ་ཡོད་ཚད་བསྡུས་ཏེ་རང་རང་གི་ལག་རྩལ་ཁྱད་ཆོས་འདོན་སྤེལ་བྱེད་བཅུག་པ་མ་ཟད་། གསེར་གདུང་ཆེན་མོ་དང་། རྒྱ་གར་ལུགས་ཀྱི་ལྷ་སྐུ་རྣམས་བལ་པོའི་བཟོ་པར་བཞེངས་སུ་བཅུག་པ་དང་བོད་ལུགས་ཀྱི་ལྷ་དང་བླ་མའི་སྐུ་འདྲ་རྣམས་བོད་ཀྱི་ལྷ་བཟོ་བར་བ། རམཞེངས་སུ་བཅུག་པ་ཡིན་ཏེ་། དེའི་རྒྱུ་མཚན་ནི་བཟོ་པ་རྣམས་རང་རང་གི་ཡུལ་སྲོལ་གོམས་གཤིས་ལ་རྒྱུས་མངའ་ཆེ་ཞིང་། མི་རིགས་གཞན་གྱི་ཡུལ་སྲོལ་གོམས་གཤིས་ལ་ཆ་རྒྱུས་ཆུང་བའི་རྐྱེན་གྱིས་བཟོ་རྩལ་ལེགས་པོ་མི་ཡོང་བ་དང་། རང་རང་སོ་སོའི་བཟོ་རྩལ་ཁྱད་ཆོས་ཀྱང་མི་འདྲ་བ་རེད་།《གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་》ནང་གསེར་བཟོ་བ་བལ་པོ་ཇི་ཡོད་ཀྱི་གྲངས་དང་མིང་གསལ་ཡང་བོད་རིགས་གསེར་བཟོ་བའི་མིང་མི་གསལ་ཞིང་། འོན་ཀྱང་གསེར་བཟོ་བ་ཁག་གཅིག་ལ་ཟླ་བ་རེར་རྩམ་པའི་ཕོགས་སྤྲོད་པའི་གནས་ཚུལ་འཁོད་འདུག་པ་དེས་གསེར་བཟོ་བའི་ནང་བོད་རིགས་བཟོ་པ་ཡོད་པ་མཐོང་མི་ཐུབ་། འོན་ཀྱང་《གསེར་གདུང་དཀར་ཆག་》ནང་། བོད་རིགས་གསེར་བཟོ་བ་མི་གྲངས་ཇི་ཡོད་དང་མིང་བཅས་མི་གསལ་བས་མཁས་པ་རྣམས་ཀྱིས་སླར་ཡང་ཞིབ་དཔྱད་གནང་བར་ཞུ་རྒྱུ་།