གསེར་གྱི་དོང་ཙེ་
མཐོང་རིས་
གནའ་རབས་ཀྱི་གསེར་སྒོར་མོའི་མིང་སྟེ་། ཕྱི་དབྱིབས་སྒོར་མོ་ལ་ནང་དུ་ཁུང་བུ་གྲུ་བཞི་ཡོད་པས་ཐག་པ་ལས་བརྒྱུས་ཆོག་པ་། དེ་འདྲ་བཅུ་ཚན་དང་བརྒྱ་ཚན་བྱས་ཏེ་ཐག་པ་ལ་བརྒྱུས་ནས་སྤྲོད་ལེན་སྐབས་དངུལ་གྱི་གྲངས་འབོར་རྩི་བདེ་ཡོད་པ་ཞིག་ཡིན་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།