གསེར་གདུང་འཛམ་གླིང་རྒྱན་གཅིག་
ཏཱ་ལའི་བླ་མ་སྐུ་གདུང་རིལ་པོ་མ་ཉམས་པར་བཞུགས་པའི་གསེར་གདུང་ཡིན་། གསེར་གདུང་ཕྱི་གཏུམས་གསེར་ལྷད་མེད་རྒྱ་ཐུར་གྱི་སྲང་ཆིག་འབུམ་ཆིག་ཁྲི་དགུ་སྟོང་ཉིས་བརྒྱ་བརྒྱད་ཅུ་གྱ་གཉིས་ལས་བཞེངས་པ་དང་། མཐོ་ཚད་ཐོག་སོ་གསུམ་ཡོད་ཅིང་། ཕྲ་རྒྱན་ལ་དུས་སྐབས་དེའི་བོད་དངུལ་སྲང་བརྒྱད་ཁྲི་སྟོང་མེད་བརྒྱ་དང་བཅུ་མེད་བཞིའི་རིན་ཐང་ལྡན་པ་དང་། འདིའི་བུམ་པའི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐུ་དམར་གདུང་ཉམས་ཆགས་མེད་པར་བཞུགས་། མཆོད་རྟེན་འདིའི་ནང་དུ་ལོ་རྒྱུས་ཁུངས་བཙན་ཡོད་པའི་ནང་རྟེན་ཁག་མང་པོ་ཡོད་། གསེར་བྲིས་ཀྱི་བཀའ་འགྱུར་དང་བསྟན་འགྱུར་། རྗེ་ཙོང་ཁ་པ་ཡབ་སྲས་གསུམ་གྱི་གསུང་འབུམ་། ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་བཅས་གཟུངས་བཞུགས་སུ་ཕུལ་། གསེར་གདུང་འཛམ་གླིང་རྒྱན་གཅིག་གི་གཡས་གཡོན་གཉིས་ནས་རིམ་བཞིན་རྒྱ་དངུལ་ལས་བཞེངས་པའི་བདེ་གཤེགས་མཆོད་རྟེན་བརྒྱད་ཡོད་ གཡས་དང་པོ་། པད་སྤུངས་མཆོད་རྟེན་། གཡས་གཉིས་པ་། བཀྲ་ཤིས་སྒོ་མང་མཆོད་རྟེན་། གཡས་གསུམ་པ་། ལྷ་འབབ་མཆོད་རྟེན་། གཡས་བཞི་པ་། རྣམ་རྒྱལ་མཆོད་རྟེན་བཅས་དང་། གཡོན་ངོས་དང་པོ་། བྱབ་ཆུབ་མཆོད་རྟེན་། གཡོན་གཉིས་པ་ཆོ་འཕྲུལ་མཆོད་རྟེན་། གཡོན་གསུམ་པ་དབྱེན་བསྡུམས་མཆོད་རྟེན་། གཡོན་བཞི་པ་མྱང་འདས་མཆོད་རྟེན་བཅས་ཡོད་ཅིང་། གཡས་ངོས་ཀྱི་མཐར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཉིས་པའི་གསེར་གདུང་ཚེ་སྦྱིན་འོད་འབར་། གཡོན་ངོས་ཀྱི་མཐར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་པའི་གསེར་གདུང་ཁམས་གསུམ་རྒྱན་མཆོག་བཅས་བཞུགས་ཡོད་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།