Jump to content

གསེར་གདུང་དགེ་ལེགས་འདོད་འཇོ་

ཡོང་ཁུངས་Wikipedia

ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐུ་གདུང་རིལ་པོ་མ་ཉམས་པར་བཞུགས་པའི་གསེར་གདུང་ཡིན་། དེའི་མཐོ་ཚད་ལ་ཐོག་སོ་གསུམ་དང་། མཆོད་རྟེན་གྱི་རྒྱུར་གསེར་རྒྱ་ཐུར་གྱི་སྲང་ཚིག་ཁྲི་ལྷག་ཙམ་དང་ཕྲ་རྒྱན་དང་བཟོ་བཀོད་ཐད་གསེར་གདུང་ཁག་བརྒྱད་ཀྱི་ནང་ནས་སྤུད་ཚད་ལེགས་ཤོད་ཡིན་། ལྷ་ཁང་འདིའི་ཐོག་བརྩེགས་གཉིས་པར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་རྣམ་ཐར་ཆ་ཚང་ལྡེབས་བྲིས་སུ་བཀོད་པ་དང་། པེ་ཅིང་དུ་མན་ཆིང་གོང་མ་ཀོང་ཤུས་དང་། བཙུན་མོ་ཚི་ཤིས་ཐའི་ཧོ་གཉིས་དང་ཐུག་འཕྲད་གནང་བའི་སྐོར་བྲིས་ཡོད་། མཆོད་རྟེན་འདིའི་བུམ་པའི་ནང་དུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་དམར་གདུང་ཉམས་ཆག་མེད་པར་བཞུགས་པ་དང་། གཞན་ཡང་རྩེ་ནས་ཞབས་བར་དུ་ལོ་རྒྱུས་ཁུངས་བཙན་ཡོད་པའི་ནང་རྟེན་མང་པོ་དང་། བཀའ་བསྟན་འགྱུར་སོགས་གསུང་རབ་མང་པོ་ཡོད་།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།