གསེག་ཤད་
མཐོང་རིས་
(འཁར་བསིལ་)སངས་རྒྱས་ཆོས་ལུགས་ཀྱི་དགེ་སློང་རྣམས་ཀྱིས་རྒྱུན་དུ་འཆང་དགོས་པའི་འཚོ་བའི་ཡོ་བྱད་བཅུ་གསུམ་གྱི་གྲས་ཡིན་། འདིའི་རིང་ཚད་ནི་དགེ་སློང་རང་རང་སོ་སོའི་ལུས་ཚད་དང་མཉམ་པ་ལ་སྟོད་སྨད་བར་གསུམ་ཡོད་པའི་ནང་ནས་སྟོད་སྨད་ཀྱི་དུམ་བུ་གཉིས་ནི་ལྕགས་དང་། བར་གྱི་དུམ་བུ་ནི་གསོམ་ཤིང་རིལ་མོ་ཡིན་། སྡོད་ཀྱི་དུམ་བུ་དེ་ལ་ཟུར་བརྒྱད་། དེའི་རྩེ་མོར་རཱ་བཞི་། རཱ་བཞིའི་རྩེ་མོ་ཕྱོགས་གཅིག་ཏུ་བསྡུས་པའི་མཚམས་སུ་བྱང་ཆུབ་མཆོད་རྟེན་གཅིག་ རཱ་བཞིའི་རྩ་བ་ཕྱོགས་བཞིར་གྱེས་པའི་དཀྱིལ་དུ་བྱང་ཆུབ་མཆོད་རྟེན་གཅིག་ རཱ་བཞི་པོ་རེ་རེའི་འོག་ཏུ་འདོགས་པའི་ཨ་ལོང་གསུམ་སྟེ་བསྟོམས་པའི་ཨ་ལོང་བཅུ་གཉིས་། སྟོད་ཀྱི་དུམ་བུ་དེ་ལ་བསྡུས་པའི་འཁོར་ལོ་རྩིབས་བརྒྱད་པ་བརྩེགས་མ་གསུམ་སྨད་ཀྱི་དུམ་བུ་དེ་ལ་ཟུར་བདུན་དང་། དེའི་རྩེ་མོར་ལྕགས་ཀྱི་མདུད་པས་བཀག་པ་བཅས་ཡོད་། དེའི་བཟོ་དབྱིབས་དང་དཔེ་རིས་དེ་རྣམས་ཀྱི་དགོས་པ་དང་མཚོད་དོན་བཅས་འདུས་བིའ་གཞུང་ལས་གསུངས་པ་ལྟར་གདན་ས་ཆེན་པི་གསུམ་དང་། བཀྲ་ཤིས་ལྷུན་པོ་། བཀྲ་ཤིས་འཁྱིལ་སོགས་དགོན་པ་དང་ལྷ་ཁང་མང་པོ་ཞིག་གི་སྒོ་འཕྱོར་ལྡེབས་རིས་སུ་བཀོད་ཡོད་པ་དེ་རྣམས་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་གསུང་འབུམ་[ཅ]པའི་ནང་《བསྟན་པའི་ནང་མཛོད་འདུལ་བ་ལུང་སྡེ་བཞི་སོགས་ལས་འབྱུང་བའི་ཉེར་མཁོའི་དཔེ་རིས་》ཞེས་པར་གསལ་བས་དེ་རྣམས་ལ་གཟིགས་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།