གསུབ་རབ་ཡན་ལག་བཅུ་གཉིས་
༡.མདོའི་སྡེ་། ༢.དབྱངས་ཀྱིས་བསྙད་པའི་སྡེ་། ༣.ལུང་དུ་བསྟན་པའི་སྡེ་། ༤.ཚིགས་སུ་བཅད་པའི་སྡེ་། ༥.ཆེད་དུ་བསྟན་པའི་སྡེ་། ༦.གླེང་གཞིའི་སྡེ་། ༧.རྟོགས་པ་བརྗོད་པའི་སྡེ་། ༨.དེ་ལྟ་བུ་བྱུང་བའི་སྡེ་། ༩.སྐྱེས་རབས་ཀྱི་སྡེ་། ༡༠.ཤིན་ཏུ་རྒྱས་པའི་སྡེ་། ༡༡.རྨད་དུ་བྱུང་བའི་སྡེ་། ༡༢.གཏན་ལ་ཕབ་པ་བསྟན་པའི་སྡེ་རྣམས་སོ་། མདོར་བསྡུས་ན་ཚིག་ལྷུག་པར་གསུངས་པ་མདོ་སྡེ་། མདོ་སྡེ་དེ་ཉིད་ཀྱི་དབུ་དང་། མཐའ་མར་ཚིགས་སུ་བཅད་པས་གསལ་བར་བསྟན་པ་དབྱངས་སུ་བསྙད་པའི་སྡེ་དང་། གང་ཟག་གི་དེ་ལྟར་ལས་འདི་བྱས་པས་ཕྱིས་འབྲས་བུ་འདི་ཐོབ་པ་དང་། མ་འོངས་པ་ན་འདི་འབྱུང་བར་འགྱུར་ཅེས་ལུང་དུ་བསྟན་པའི་སྡེ་། གཞུང་ཐམས་ཅད་ཚིགས་སུ་བཅད་པའི་སྡེ་ ཡི་རང་ནས་གསུངས་པ་ཆེད་དུ་བརྗོད་པའི་སྡེ་། གླེང་གཞི་ཡུལ་གང་དུ་གང་ཟག་གི་ལྷུང་བ་གང་བྱུང་བ་དགག་པའི་བསླབ་པ་དང་བཅས་ཏེ་བསྟན་པ་གླེང་གཞིའི་སྡེ་། དཔེ་དང་དོན་དུ་བཅས་ནས་སྐྱེས་རབས་བསྟན་པ་སྐྱེས་རབས་ཀྱི་སྡེ་། བྱང་ཆུབ་སེམས་དཔའི་ལས་འབྲས་བུ་དང་བཅས་པ་ཟབ་པ་དང་རྒྱ་ཆེ་བར་སྟོན་པ་ཤིན་ཏུ་རྒྱས་པའི་སྡེ་། ཉན་ཐོབ་དང་རང་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་མཚར་རྨད་དུ་བྱུང་བ་སྟོན་པ་རྨད་དུ་བྱུང་བའི་སྡེ་སོགས་སོ་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།