གསལ་བྱེད་ཀྱི་རྒྱན་བཅུ་གཉིས་
མཐོང་རིས་
དོན་རྒྱན་སུམ་ཅུ་སོ་ལྔའི་ནང་གསེས་བཞི་པ་གསལ་བྱེད་ཀྱི་རྒྱན་ནི་། རིགས་དང་། བྱ་བ་། ཡོན་ཏན་། རྫས་ཏེ་བརྗོད་བྱ་དོན་གྱི་དངོས་པོ་བཞི་གང་རུང་སྟོན་པའི་རྗོད་བྱེད་ཀྱི་ཚིག་གཅིག་ཚིགས་བཅད་ཀྱི་རྐང་པ་ཐོག་མཐའ་བར་གསུམ་གང་དུ་གནས་པ་དེས་། རང་ཚིགག་སྔ་ཕྱིའི་ངག་རྒྱུན་ཀུན་ལ་ཕན་ཞིང་གསལ་བར་བྱེད་པའི་རྒྱན་ཞིག་སྟེ་དེའི་ནང་གསེས་རྣམ་གྲངས་བཅུ་གཉིས་ནི་། ༡.རིགས་བརྗོད་ཐོག་མའི་གསལ་བྱེད་། ༢.བྱ་བ་ཐོག་མའི་གསལ་བྱེད་། ༣.ཡོན་ཏན་ཐོག་མའི་གསལ་བྱེད་། ༤.རྫས་བརྗོད་ཐོག་མའི་གསལ་བྱེད་། ༥.རིསག་བརྗོད་བར་གྱི་གསལ་བྱེད་། ༦.བྱ་བ་བརྗོད་མཐའི་གསལ་བྱེད་། ༧.རིགས་བརྗོད་མཐའི་གསལ་བྱེད་། ༨.བྱ་བ་བརྗོད་མཐའི་གསལ་བྱེད་། ༩.ཕྲེང་བའི་གསལ་བྱེད་། ༡༠.འགལ་དོན་གསལ་བྱེད་། ༡༡.དོན་་གཅིག་གསལ་བྱེད་། ༡༢.སྦྱར་བའི་གསལ་བྱེད་བཅས་སོ་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།